ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སེང་རྡོར་བྲིས་རྩོམ།

ཕཱན་ཏུའུ་ལའི་སྒམ་ཆུང་ཡལ་མི་སྲིད་པའི་རྒྱུ་མཚན།?

སེང་རྡོར།

____ལོ་སར་ཚེས་གཅིག་དགོང་མོ་ཉིས་སྟོང་བཅུ་གཉིས་ལོ་ཞེས་པའི་གློག་བརྙན་ལ་བལྟས་པས།

 
 
ཉི་མའི་སྣ་ལ་སྡིག་པ་འཐིབས། །
ཕྱིར་ཞིང་ཕྱིར་ཞིང་སྡིག་པ་འཐིབས། །
ཚད་རིམ་བརྒྱད་དུ་གཡོས་པ་ཡི། །
ཅི་ཞིག་གཏིང་ནས་གཏིང་དུ་འཐིབས། །
ཕཱན་ཏུའུ་ལ་ཡི་སྒམ་ཆུང་ལ། །
མཚན་མོ་བརྒྱ་དང་བརྒྱད་ཀྱིས་འཐིབས། །
 
 
བར་དོའི་ཁ་ཆེན་གདངས་པ་ཡིས། །
ཕྱིར་ཞིང་ཕྱིར་ཞིང་གདངས་པ་ཡིས། །
ཁྲུ་ཚད་བཅུ་རུ་གླལ་པ་ཡི། །
ཅི་ཞིག་ཆེ་ནས་ཆེ་རུ་གདངས། །
ཕཱན་ཏུའུ་ལ་ཡི་སྒམ་ཆུང་ལ། །
སྟག་ཁ་བརྒྱ་དང་བརྒྱད་ཀྱིས་གདངས། །
  
 
ན་རག་དམྱལ་བ་ཡིན་ཚོད་རེད། །
རྡོ་རྗེ་གདན་པ་ཡིན་ཚོད་རེད། །
སྐར་མའི་ཐོག་གི་སྐར་མ་ངུ་། །
སྤང་ལྗོངས་སྟེང་གི་སྤང་ལྗོངས་ཞུ། །?
ཕཱན་ཏུའུ་ལ་ཡི་སྒམ་ཆུང་ལ། །
སྤུ་འཇོལ་ལེ་ཞིག་འཛུལ་ཤོར་སོང་། །
 
 
སྐྱོབ་པ་འཇིག་རྟེན་མགོན་པོ་དེ། །
རྣ་བའི་རྒྱབ་ནས་ཤུགས་རིང་འབྱིན། །
ཕོ་བྲང་དཀར་པོ་འཕྲེད་གཟུགས་སུ། །
བྱམས་པ་གློ་ཉལ་འགྲེང་གཟུགས་སུ། །
ཕཱན་ཏུའུ་ལ་ཡི་སྒམ་ཆུང་ལ། །
རྣ་ཅོར་རེ་ཞིག་བྲོས་ཕྱིན་སོང་། །
 
 
དགུ་རྒྱགས་ནེམ་ཞིང་ནུར་བ་སྟེ། །
འབག་པ་བསལ་རྒྱུ་ཅང་མ་ཡོད། །
དེ་བས་ཆུ་འདི་མཆོད་རོགས་དང་། །
གསུམ་སྒྲོན་མཉེས་དག་ཞུ་རོགས་དང་། །
ཕཱན་ཏུའུ་ལ་ཡི་སྒམ་ཆུང་ལ། །
ལན་དང་ཉེས་པ་དཀྲི་ཚོད་མེད། །
 
 
                    2010.2.14
 
 
 
1?.ཕཱན་ཏུའུ་ལའི་སྒམ་ཞེས་པ་ནི།གནའ་རབས་ཞི་ལའི་ལྷ་སྒྲུང་ལས་འདི་ལྟར་འགྲེལ་ཡོད་ཟེར།ལྷ་ཆེན་ཀྲོས་སི་འབོད་པས་མཛེས་མ་ཕཱན་ཏུའུ་ལར་མིའི་རིགས་ཀྱི་ཆག་སྒོ་ཐམས་ཅད་ཧྲིལ་གྱིས་བཅུག་ཡོད་པའི་སྒམ་ཞིག་བྱིན་ཅིང་།ཁོ་མོས་སྒམ་དེའི་ཁ་ཕྱེས་པས་ཆག་སྒོ་ཐམས་ཅད་ཕྱིར་ལུད་ཅིང་ས་སྟེང་ཡོངས་རྫོགས་སྡིག་པས་ཁྱབ་ཅེས་བྱ་ཞིང་།ཆོས་ལུགས་དགག་སྒྲུབ་པ་ཆེན་པོ་ཧུའོ་ཨེར་པ་ཧོ་སོགས་ཀྱིས་ཀྱང་།དཔེ་འདི་ཐུགས་བློར་ཧ་ཅང་བབ་པོ་བྱུང་སྟེ།ཆོས་ལུགས་ནི་ཕཱན་ཏུའུ་ལའི་སྒམ་ཡིན་ཞིང་བཀྲ་མི་ཤིས་པའི་སྒམ་དེའི་ཁ་ཕྱེ་བྱུང་སོགས་གསུངས་ཡོད་པ་རེད།དེས་ན་ཁོ་བོས་རང་དཔེ་འདི་བཀོད་བཟླས་ཀྱིས་ཅི་ལབ་བསམ་པ་ཡིན་ཞེ་ན།ཉིས་སྟོང་བཅུ་གཉིས་ལོའམ་དུས་ཀྱི་མཐའ་མ་ཞེས་པའི་གློག་བརྙན་འདིར་ཁྱད་ཆོས་གཞན་དང་གཞན་གང་ཡོད་ཀྱང་བླ་ཡི།ང་ཚོ་མིའི་རིགས་ཀྱིས་ནི།གཞར་ཡང་འཆི་བ་དང་རྣམ་ཤེས་ཀྱིས་གཙོས་པའི་ལྐོག་གྱུར་ཡུལ་ལ་དཔྱོད་པ་དེ་ཤིན་ཏུ་རང་དམན་ཞིང་སྙིང་རྗེ་བ་ཞིག་འདུག་ཚུལ་ལས་སླ་པོས་མཚོན་ཐུབ་ཅེས་པའོ། །
 
2?.ཚིག་རྐང་འདི་ནི།བརྙན་སྡེར་གང་རུང་གི་གླུ་ལེན་མ་ཞིག་གི་ངག་ལས་ཁོ་བོའི་བློར་ལྷུང་པ་དྲན་པས་ཟིན་མོད་ཀྱང་།སུ་ཡིན་ཏན་ཏན་ཞིག་ཤོད་རྒྱུ་རང་མེད་པས་ནམ་ཞིག་གསལ་ཐག་ཆོད་ཚེ་ཁོ་མོའི་མཚན་མིང་མཆན་དུ་འགོད་པར་བྱའོ། །       
 
ཡོང་ཁུངས།[ངེད་དྲ་བ།]     [2010-2-15] ཀློག་གྲངས།[418] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།རྡོ་རྗེའི་གླུ་ལ་རྣམ་འགྱུར་ཟད་མཐའ་མེད། (ཞར་བཀོད་གཅིག)
རྩོམ་ཞོལ་མ།གཞས་མ་འོ་བཞུགས་སྐྱིད་ཀྱི<<བསམ་དོན་འགྲུབ་གླུ>>ཞེས་པར་གསན་རྗེས།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
དྲ་འབུ་ཡ་རབས་དག་གིས་འདི་ལྟར་གསུང་གི་འདུག
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网