ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སེང་རྡོར་བྲིས་རྩོམ།

གཞས་མ་འོ་བཞུགས་སྐྱིད་ཀྱི<<བསམ་དོན་འགྲུབ་གླུ>>ཞེས་པར་གསན་རྗེས།

སེང་རྡོར།

 

ཡུལ་དེའི་དགུན་ཁ་ཡུལ་དེའི་དབྱར་ཁ་ཟེར། །

ཡུལ་དེའི་ཚ་བ་ཡུལ་དེའི་གྲང་བ་ཟེར། །

ཁྱེད་རང་འདི་ལྟར་ལེན་པ་ཁོ་བོས་གསན། །
སེམས་ཀྱི་ཅི་ཞིག་དག་པའི་ཞིང་དུ་སྤར། །
 
 
ཚུར་ལ་འཁོར་དང་ཁ་འབྲས་ཚི་གུ་ཨེ། །
ཕར་ལ་སྤོས་དང་རྒྱབ་གཟུགས་ཕྲ་མོ་ཨེ། །
ཆུ་ལ་བཞུར་བའི་སེམས་ཅན་རྣ་བ་ལ། །
ཆུ་ཡི་འོད་ཀྱིས་ལམ་ལམ་སིམ་པར་ཤོག །
 
 
ནམ་མཁའི་བྱེའུ་རྣམས་ནི་འཕུར་མཚམས་ཞོག །
ནགས་ཀྱི་ལོ་འདབ་ཁྱེད་ཅག་ཁ་རོག་སྡོད། །
འཁོར་བའི་སྒྲ་དབྱངས་དངོས་སུ་འདི་ན་སྟེ། །
ལྡབ་ལྡིབ་གཞན་དག་ལམ་ཙམ་བསྐྱུང་བར་ཞུ།
 
 
ཁྱེད་ཀྱིས་ཕ་མ་སེམས་ཅན་ཟེར་ཞིང་འོང་། །
ཕ་མ་རིགས་དྲུག་སེམས་ཅན་ཟེར་ཞིང་འོང་། །
འདི་ལྟར་འགུག་གམ་པེ་ཏ་མགོན་སྐྱིད་ལ། །
ད་དུང་ལེན་ནམ་མ་སྐྱེས་ཨ་མ་ལ། །
 
 
སྐད་འདིས་ཁོ་བོ་གཉིད་དུ་མི་སྟེར་ཞིང་། །
ལྷག་ཏུ་ཁྱོད་རང་བརྗེད་པར་མི་བྱེད་དེ། །
འཇིག་རྟེན་སྣང་བ་ཨ་ཅང་དགོད་བྲོ་རེད། །
དེ་ལ་དགོངས་པ་སྐོར་ཤོག་གླུ་མ་ཀྱེ། །
 
 

                                                                   2010-2-16

 

ཡོང་ཁུངས།[ངེད་དྲ་བ།]     [2010-2-16] ཀློག་གྲངས།[752] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།ཕཱན་ཏུའུ་ལའི་སྒམ་ཆུང་ཡལ་མི་སྲིད་པའི་རྒྱུ་མཚན།?
རྩོམ་ཞོལ་མ།(བོད་ཡིག་གི་དཔེ་ཀློག་མྱོང་ཚོར)___<<མི་ལ་རས་པའི་རྣམ་ཐར་དང་མགུར་འབུམ>>
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།
[2010-9-5]
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网