ཕབ་ལེན་སྣ་ཚོགས།
ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།
༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་།
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།

སྟོན་པའི་ཆོས་ལུང་སྨྱུ་གུས་དཀྲུགས་ཏེ་ཕྱི་ནང་གཉིས་ན་གྲགས་པ་ཡི།།
ལྟ་ལོག་སྙན་ངག་འཕྲུལ་གྱིས་བྲིས་ཏེ་སྐྱ་སེར་གཉིས་ལ་འཛེར་བ་ཡི།།
དགེ་བཤེས་གྲྭ་གྲོང་ཧད་དུ་བཅུག་སྟེ་ན་གཞོན་ཁ་ཤས་བརླབས་པ་ཡི།།
ལྷ་ལུང་མ་ཡིན་འདྲེའི་སྐད་མིན་པའི་སེང་རྡོར་བརྩམས་ཆོས་རྟུལ་ཕོད་འདི།།
དུང་དཀར་ཚིག་རྒྱན་ལས་ཀྱང་མཛེས་པ་སེང་རྡོར་གཡུ་ཡི་ཕྲེང་བ་ཡིན།།
བགྲེས་པོ་དོར་ཞིའི་ལྗགས་ལས་རྣོ་བའི་སེང་རྡོར་སྤུ་གྲི་ངར་མ་ཡིན།།
རས་མགུར་གླིང་སྒྲུང་གང་ཡང་མ་ཡིན་བཅད་རྩོམ་གསར་བའི་ལམ་སྣེ་ཞིག།
དཔེ་ཀློག་ཕོ་མོས་གདེངས་འཇོག་ཐོབ་པའི་གྲུ་ཟུར་གསལ་སྒྲིབ་སྤུས་ཀ་འདི།།
ཞིབ་འཇུག་སློབ་མའི་མིང་གིས་མ་སྙེམས་སེང་རྡོར་དྲ་བར་ཞིབ་ཏུ་ལྟོས།།
སློབ་ཆེན་སློབ་མ་ལབ་རྐྱལ་དེ་ཚོ་འདི་ནས་ཁོ་ལག་རྒྱས་པར་འགྱུར། །
ཞོགས་དུང་སྒོ་ཤེར་ཀུན་ལ་མི་མཐུན་རང་རྐྱ་ཐུབ་པའི་སྒལ་ཚུགས་ཅན།།
ནུབ་བྱང་མི་འགས་སྣེ་ལེན་མ་ཕོད་སེང་རྡོར་སྐྲ་རིང་འདྲེ་རྒོད་འདི།།
གྲྭ་རྟ་བསྒྲགས་པའི་སེང་རྡོར་དེ་ལ་གསལ་པོར་བལྟས་ནས་གླེང་བ་ཡིན།།
དྲང་ལྡོག་ཆ་ནས་བྲིས་པ་ཡིན་པས་ཕྱོགས་རིས་དུངས་ཞེན་བོར་བ་ཡིན།།
འུད་བསྟོད་ངོ་དགའི་གཡོ་སྒྱུ་མ་ཡིན་བདེན་བརྡར་དྲང་གཤིབ་ཁོ་ན་ཡིན།།
ཁོ་བོའི་སེམས་པ་རྣལ་མ་ཡིན་མིན་སུ་ཡིས་ཐེ་ཚོམ་དགོས་པ་མེད།།
༢༠༡༠ ༤ ༢