ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> འབོལ་རྩོམ།

འོད་ནག་གིས་སེང་རྡོར་དྲ་བར་ཁ་ཡག་ཅིག་བཤད་ན།

འོད་ནག

  

                            ས་ཡོམ་གྱིས་བོད་ཡུལ་ཤུལ་པ་ཁྲི་ཕྲག་གི་གཅེས་སུ་འོས་པའི་ཚེ་སྲོག་སྲན་མ་རྔོ་རྔོ་བྱས་པའི་སྐབས་ཤིག་ལ།  མགོ་ཐོག་གི་ལག་པ་དམར་པོ་དེས་བོད་མྱི་དད་འཐོམས་ཅན་དག་གི་ཁྲོད་ལ་དཔྱོད་ཤེས་ཀྱི་མེ་དཔུང་སྒྲོན་པའི་སྐྱེས་བུ་ཞིག་མིག་འབྲུ་འབྲུ་བྱས་ཏེ་མུན་དོང་དུ་ཁྱེར་ནས་སོང་དུས་ཤིག་ལ།  སེང་རྡོར་དྲ་བས་མྱི་རྒན་སྐོར་ཞིག་དང་དྲ་ཚིགས་སྐོར་ཞིག་ལྟར་ཡོད་ན་ཡོད་སྐལ་མི་ལོངས་ཤིང་མེད་ན་མེད་སྐལ་མི་ཆད་པའི་གཟན་རུལ་འགའ་ཡུན་སྲུང་བྱས་ནས་སྡོད་མ་ནུས་པར།  བྱིའུ་སྒོང་བྲག་ལ་རྡེབ་པའི་གཡུལ་འགྱེད་བཤམས་ནས་རྐྱེན་འདས་སུ་ཐེངས་གཉིས་ལ་འགྲོ་དགོས་བྱུང་ཞིང་འདས་ལོག་ཀྱང་ཐེངས་གཉིས་ལ་བརྒྱབས་པར།  དྲང་ལྡོག་གང་ནས་བལྟས་ཀྱང་ནོར་འཁྲུལ་ཞིག་དང་ཕམ་ཁ་ཞིག་ཏུ་མཐོང་ན་མི་འོས་པར་སེམས་པས།  ཕྲན་གྱིས་བོད་སེམས་གཙང་མས་དུས་ཐོག་འདིར་སེང་རྡོར་དྲ་བའི་འགྱེལ་ལངས་ཀྱི་བྱ་བཞག་གཉིས་ལ་རྟེན་འབྲེལ་དང་དཀའ་དྲིན་ཞུ།

 

ད་དུང་ཐེངས་འདིར་སེང་རྡོར་དྲ་བས་ཟིན་བྲིས་རྐང་འཛིན་པའི་སྡེ་ཞེས་ཟིན་བྲིས་པ་ཉི་ཤུ་ལ།  སེང་རྡོར་དྲ་བ་ནས་དྲ་ཁྱིམ་སྟབས་བདེ་ཉི་ཤུ་བཀོད་སྒྲིག་བྱས་པ་ནི་སེང་རྡོར་དྲ་བའི་འཕེལ་རྒྱས་ཤིག་ཏུ་འདོད་ཀྱང་།  སྐད་ཆ་རེ་འགའ་ཞིག་དྲང་མོར་བཤད་ན།  གང་དུ་ཡང་ཐོན་དགོས་ཤིང་ཐོན་ནས་ཀྱང་གོ་གནས་འོས་ཙམ་ལོན་ཡོད་པའི་ཅི་ཡང་མིན་ལ་ཅི་ཡང་ཡིན་པའི་ཟིན་བྲིས་མཁན་རྒན་པ་སྐོར་ཞིག་ལ།  གནས་འདི་ནས་ཀྱང་ཡང་བསྐྱར་ཁྲི་འདོན་བྱས་ཏེ་འདུག་པ་ལ་དེ་ཙམ་འཐད་པ་མི་འདུག  

 

འདི་ནས་གསལ་བཤད་དགོས་པ་ཞིག་ལ་སྐད་ཆ་འདི་བདག་གིས་ཁོ་ཚོ་ལ་ཕྲག་དོག་སོགས་ཀྱིས་བཤད་པ་མིན།  གཙོ་བོ་བོད་ཡིག་དྲ་བ་དག་གི་གཙོ་ངོས་ཡོད་ཚད་ཁོ་ཚོས་གང་སོང་ན་བོད་ཡིག་དྲ་བ་དག་ལ་མིང་དང་དྲ་ངོས་ཁ་ཁ་ཡིན་པ་ཙམ་ལས་མདོ་དོན་གཅིག་ཏུ་འགྱུར་རྒྱུ་རེད་ལ།  བོད་ཡིག་དྲ་ཀློག་པ་རྣམས་ཀྱི་མིག་ཁ་ཁོ་ཚོ་རྐྱང་བས་ཁྲ་ཁྲར་བསྒྱུར་ན་བོད་ཡིག་དྲ་ཀློག་པ་རྣམས་ཀྱི་ཡི་ག་ཡང་མི་རིང་བར་ཆད་ངེས་ཡིན་རྒྱུ་རེད་འདོད།  དེ་མིན་ང་ལྟ་བུའི་ཟིན་བྲིས་པ་ཆུང་ཆུང་ཞིག་ཟིན་བྲིས་རྐང་འཛིན་པའི་སྡེ་རུ་བཞག་པ་ཡང་མྱི་སྒེར་གྱི་དགའ་བ་སྐྱུར་ནས་དོན་དམ་པར་བབས་ཏེ་བལྟས་ན་དེ་ཙམ་འོས་རྒྱུ་མི་འདུག་འདོད།  རྒྱུ་མཚན་བོད་ཡིག་དྲ་བ་དག་ཏུ་ཕྲན་ལས་བཟང་བའི་ཟིན་བྲིས་པ་རེ་འགའ་ཡོད་པས་སོ།། 

 

མདོར་ན་ཟིན་བྲིས་པ་ཆུང་ཆུང་ང་དང་ཟིན་བྲིས་མཁན་རྒན་པ་དེ་ཚོ་བསྐྱུར་ནས། བོད་ཡིག་དྲ་ཚིགས་དག་རྔོག་རྒྱུ་ན་མིང་དང་གོ་གནས་གང་ཡང་མེད་པའི་ཕུལ་བྱུང་ཟིན་བྲིས་པ་རེ་འགའ་རྙེད་དུ་ཡོད་རྒྱུ་རེད་འདོད་ལ།  སེང་རྡོར་དྲ་བའི་དྲ་ཁྱིམ་ཡག་པོ་འདི་དག་ཁོ་ཚོ་ལ་གནང་ན་ཤིན་ཏུ་འོས་ཀི་ཡང་འདོད།དེ་མིན་དྲ་ཐོག་ན་རིག་ཏུ་མེད་པའི་སྙན་ངག་པ་འབྲོང་ལགས་སེང་རྡོར་དྲ་བས་དྲ་ཐོག་ཏུ་བསུས་འོངས་ཡོད་པ་ནི།  བོད་ཡིག་དྲ་བའི་རྒྱལ་ཁ་ཞིག་རེད་འདོད་ཡོད་ལ། ཧི་ཟིན་སོགས་ནས་རྒྱང་འཕུད་བྱས་པའི་ཟིན་བྲིས་པ་ཞོགས་ལྗང་དང་མི་ཁོམ་པའི་རྒྱལ་སྲས།  ཁ་བ་ལྷ་མོ་སོགས་དང་། དྲ་སྟེང་ན་གོ་གནས་དེ་ཙམ་ལོན་མེད་པའི་ཟིན་བྲིས་པ་ཟུར་ཁ་ཅན་མེལ་ཚེ་དང་སྒོ་ཡོན།  ཁྱུང་བཟང་སོགས་ལ་བརྩི་མཐོང་བྱས་ཏེ་དྲ་ཁྱིམ་བཀོད་སྒྲིག་གནང་བ་ཧ་ཅང་ལེགས་པའི་གནས་སོ།།

 

མཇུག་མཐར་ཞུ་རྒྱུ་ཞིག་ལ།སེང་རྡོར་དྲ་བའི་ཟིན་བྲིས་པ་རྒན་གཞོན་སུ་ཡིན་ཡང་།  སེང་རྡོར་དྲ་བའི་དཀའ་ལས་གང་མང་བརྒྱུད་དེ་འདི་འདྲའི་དྲ་ཁྱིམ་སྟབས་བདེ་དག་བཀོད་སྒྲིག་བྱས་སོང་ན།  སྙན་ངག་པ་ལྗང་བུ་མཆོད་མེ་པོད་ཁུག་ནས་བཞུགས་ཚུལ་མི་བྱེད་པར།ཟིན་བྲིས་གསར་བ་མང་དུ་སྤེལ་རྒྱུ་ཞུ་ཞུ།

 

 

 

                                                                                                                     2010.7.8.ལན་གྲུའི་དྲ་ཁང་ཞིག་ནས།

 

 

 

ཡོང་ཁུངས།[སེང་རྡོར་དྲ་བ།]     [2010-7-8] ཀློག་གྲངས།[321] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།ཁམས་འདྲི་དང་བཅས་ཞུ་དོན།
རྩོམ་ཞོལ་མ།གསལ་བཤད་དང་སྤྱི་བསྒྲགས།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网