ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> འབོལ་རྩོམ།

གསལ་བཤད་དང་སྤྱི་བསྒྲགས།

ལྷམ་ཀོག

སེང་རྡོར་དྲ་བ་སྐྱེ་བ་ཕྱི་མ་ནས་བར་དོ་དང་བར་དོ་ནས་ཚེ་འདི་ལ་ལུགས་ལྡོག་གིས་ཚུལ་དུ་འོང་བ་ནི་འདས་ལོག་ཅེས་པའི་ཐ་སྙད་འདི་དང་ཁ་ལྷན་དུ་འབྱོར་འདུག་པས། ནང་མི་དག་གི་སེམས་ཀྱི་སྐྱོ་བ་དེ་སྤྲོ་བའི་ངང་དུ་འཕེལ་ཞིང་། ལག་པས་ཐལ་མོ་རྡེབ་པ་ཙམ་གྱིས་མི་མཚོན་པ་དང་། གདོང་ལ་འཛུམ་མདངས་ཤར་བ་ཁོ་ནས་མི་འཁྱོགས་པའི་ཚུལ་དུ་འཁོར་བཞག བསམ་བློ་རེ་བཏང་ན་དེ་ལོས་ཀྱང་ཡིན། བོད་སྐད་ཡིག་ཟིན་བྲིས་དང་ཧི་གཟུགས་ཟིན་བྲིས་སོགས་གཅེས་ལོ་མེ་ཏོག་གི་འདབ་མ་མ་རྙིང་བ་དག་ལག་ནས་འཕྲོག་ཅིང་། བླ་འགུགས་དང་ཚེ་འགུགས་ཀྱི་རིམ་གྲོ་ཅི་ལྟར་བསྒྲུབས་ཀྱང་ཕྱིར་འོང་མེད་སོང་བས་ངེད་ཅག་ཀུན་པོའི་སྙིང་ཁམས་མི་བསང་བ་དང་མི་བདེ་བའི་ངང་དུ་ཡོད་དུས་སུ། རེ་བའི་མིག་འབུར་གཏོད་ས་གཅིག་བུར་གྱུར་བའི་སེང་རྡོར་དྲ་བར་ཡང་གློ་རྡེག་ལ་མི་མ་ཡིན་གྱི་གདོན་གྱི་འཚེ་བས་ལག་བསྟར་དངོས་སུ་བྱས་པས་མི་སྐྱིད་པའི་སྟེང་དུ་མི་སྐྱིད་པ་བརྩེགས་བྱུང་པར་བསྟུན་ངེད་ཅག་ལ་མེད་དང་མུ་གེ་ཡི་ཐལ་བ་སྐྱ་སེང་ངེར་འཐིབས་ཤིང་། ཡུག་ས་མོའི་བྱད་བཞིན་ལྟར་ཡ་ང་བ་ནས་ཉམ་ང་བར་ལྷུང་གིན་པའི་དུས་སུ། སྐུ་ཞབས་སེང་རྡོར་གྱི་འབད་པ་ལ་བསྟུན་ནས་སྤྱང་ཀིའི་མཆེ་བར་ནས་ལུ་གུ་འཕྲོག་པ་བཞིན་རང་ཁྱིམ་རང་ལག་ཏུ་འོང་བའི་རྒྱལ་ཁ་འདི་སུ་ལ་བཤད། བཤད་པས་མི་མཚོན་དགའ་བ་འདི་སུ་ཡིས་ནོན།

    འདི་ལྟའི་ཁྱིམ་གཞི་བཟང་བོ་སླར་འཛུགས་བྱས་པར་མ་ཟད་ཆེད་དུ་བློས་ཐུབ་ཀྱི་གྲོགས་པོ་མང་པོར་ས་མིག་གི་གདན་ཐོབ་རེ་གནང་བའི་ཁྲོད་དུ། ཕྲན་ང་ལྟ་བུར་ཡང་བོང་བ་གསེར་གཟིགས་ཀྱི་ཚུལ་དུ་ས་མིག་ཅིག་བྱིན་པས་སྒོས་སུ་སྤྲོ་བ་འཕེལ་ཞིང་། རང་ཉིད་ཀྱིས་རྩོམ་ཡིག་འབྲི་བར་སེམས་ཤུགས་འཕར་མ་སྤྲད་པར་དྲ་བདག་ལ་བཀའ་དྲིན་ཆེ་ཞུ། རང་ཅག་གདན་ཐོབ་དངོས་སུ་བྱིན་ཡོད་པ་དང་ཡང་ན་གདན་ཐོབ་དོན་གྱི་ཡོད་པའི་ཟིན་བྲིས་པ་དག་གིས་ཀྱང་བོད་ཀྱི་རྩོམ་རིག་གི་རྐང་འཛིན་དགོས་པའི་བློ་སྤོབས་དང་བཅས་ཏེ། བརྩམ་ཆོས་ཀྱི་རྒྱུན་འཇོ་བར་རེ། ཟུར་བཤད་ནི། ཞིང་ནང་གི་ལྡུམ་བུ་ལྟ་བུའི་སྙན་ངག་ཚན་པ་འགའ་དང་ཤིང་གི་གླིང་བུ་ཟེར་བའི་སྙན་ངག་དེ་འབྲི་མཁན་ནི་ང་རང་ཡིན། ངས་རང་གི་དྲ་མིང་ལྷམ་ཀོག་དངོས་སུ་བྲིས་མེད་པ་ནི་དྲ་ངོས་ཀྱི་མདུན་ཐད་ན་ཡོད་པའི་རྩོམ་པ་པོའི་པར་གྱི་སྟེང་ནས་ཆིག་རྡེབ་བྱས་ན་ཤེས་ནུས་པར་གོ་ནས་མ་བྲིས་པ་ཡིན་མོད། ཀློག་པ་པོ་འགས་རྩོམ་གྱི་གཤམ་དུ་རྩོམ་པ་པོའི་མིང་ལ་རྩར་བཅད་འདུག་པས་གསལ་བྱེད་བྱས་པ་ཡིན།
 
 
ཡོང་ཁུངས།[སེང་རྡོར་དྲ་བ།]     [2010-7-8] ཀློག་གྲངས།[163] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།འོད་ནག་གིས་སེང་རྡོར་དྲ་བར་ཁ་ཡག་ཅིག་བཤད་ན།
རྩོམ་ཞོལ་མ།རེ་རྐང་གླིང་གི་ཟིན་བྲིས་གླེང་གཞི།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
དྲ་འབུ་ཡ་རབས་དག་གིས་འདི་ལྟར་གསུང་གི་འདུག
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网