ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> མཉམ་འུར།

ལྷ་ལྡན་ནས་“དགའ་སྐྱེལ་ཟླ་བ”ཚེས་རན་འདུག

དགེ་བུ།

   ལྷ་ས་ནས་སྤྱི་ཟླ་བརྒྱད་པ་ལ་“དགའ་སྐྱེལ་ཟླ་བ་”ཞེས་འབོད་ཀྱི་ཡོད།  ད་ཡང་་དགའ་སྐྱེལ་ཟླ་བ་ཚེས་གྲབས་འདུག  ཁ་ཅིག་གིས་ད་ལྟ་ནས་དགའ་སྐྱེལ་གཏོང་འགོ་བཙུག་ཡོང་གི་འདུག  ང་ཚོ་འདི་དང་འདི་འདྲའི་ཐད་ལ་ཧུར་བརྩོན་ཆེན་པོ་ཡོང་།  
   དགའ་སྐྱེལ་གཏོང་རྒྱུར་དགའ་བའི་ང་ཚོས་“དགའ་སྐྱེལ་”བཏང་བཏང་ནས་དུས་རབས་ཉི་ཤུ་པའི་སྒོ་ཐེམ་བརྒལ་ཏེ་ད་ལྟ་བར་སླེབས་ཡོད།  དུས་ཚོད་དེ་དག་གི་རིང་། ཡང་སྙིང་ང་ཚོས་གང་ཞིག་“དགའ་”བ་དང་།  ཅི་ཞིག་“སྐྱེལ་”བ་ཡིན་ནམ་ཞུས་ན།  དགའ་བ་ནི། ལྟོགས་བླ་གཏམ་འདོད་ལ་དགའ་བ་དང་།  སྐྱེལ་བ་ནི། དུས་ཚོད་དང་འགན་སེམས་སྐྱེལ་བ་ཙམ་ལས་གཞན་པའི་བསྟན་རྒྱུ་ཡོད་པའི་དོན་འབྲས་གང་ཡང་ཡོད་པ་མ་མཐོང་ངོ་།
  “ལོ་ཨེ་ཡག་མི་ཡག་ཟླ་བ་བརྒྱད་པ་”ཞེས་རྒྱལ་ཁམས་སྐྱེ་བོ་མང་ཆེ་བས་དབྱར་ཟླ་བདུན་པ་བརྒྱད་པ་འདི་དུས་ཚོད་ཡག་ཤོས་དང་། ནམ་ཟླ་སྐྱིད་ཤོས་ཤིག་ལ་བརྩིས་ཏེ་དེ་ཉིད་དམ་འཛིན་གྱིས།  ཚོང་ལས་དཔལ་འབྱོར་དང་། ཤེས་རིག་དོན་གཉེར་སོགས་རང་རང་གི་ལས་ལ་འབད་པ་དང་། ཡུལ་སྐོར་ལྗོངས་རྒྱུ་འགྲོ་བ་སོགས་ཚ་ཚ་འུར་འུར་བྱེད་པའི་སྒང་ཡིན་ཀྱང་།  ང་ཚོ་བོད་གངས་ཅན་པ་ནི་ཏག་ཏག་དེ་ལས་ལྡོག་སྟེ། དབྱར་གཞུང་དུས་ཚོད་བཟང་ཤོས་ཟླ་བ་གཉིས་གསུམ་འདིའི་རིང་ཅི་བསམ་འདི་དྲན་མེད་པར། ཆང་འཐུང་སྐྱིད་རྒྱགས་དང་།  རྒྱན་འགྱེད་འཁྱམས་རྩེད་བག་ཡངས་ཁོ་ནས་དུས་ཚོད་སྐྱེལ་ཁོམ་ཡོད་པ་འདི་ནི་ཧ་ཅང་ཡ་མཚན་རེད།  མི་རིགས་གཞན་པ་ཚོས་མཐོང་ཐོས་བྱུང་ན་ངོ་མ་ཡིད་སྨོན་སྐྱེ་ངེས་སོ། 
དགའ་སྐྱེལ་ལ་ཡང་སྐྱེལ་མཐུད་ནས། གཡང་ལུག་ཤ་ཁོག་“གསོན་བསྲེག་”དང་། ཕག་ཕྲུག་མུ་གེས་བསད་པའི་ཤའུ་སོས་པ། ཉ་སྦལ་སྡིག་སྲིན་བརྔོས་པའི་དམར་མཆོད་བཤམས་པའི་རྒྱས་ཟ་རྒྱས་སྤྲོས་ངང་། སྦི་རག་གི་རྫབ་ཆུའི་ནང་རྐྱལ་རྩལ་ངོམ་པའི་སིང་སྒྲ་དང་།  མག་ཅང་གི་རོ་ཁང་ཡར་བརྩེགས་མར་བཤིག་ལ་བྲེལ་བའི་ཁྲོབ་སྒྲ། དོན་དག་བབས་རྒྱུ་གང་ཡང་མེད་པར། བྱས་རབས་འཇོན་རབས། འཐུང་རབས་ཟོས་རབས། སྤྱོད་རབས་སྐྱེལ་རབས་ཀྱི་སྟོང་ཤོབ་རྐྱང་རྐྱད་ཤོད་པའི་སྒྲོབ་སྒྲ།  མཆོད་ཆང་སྦྲང་རྩིའི་ཉིང་ཁུ་དང་། ང་ཚོ་འདི་ལ་འཛོམས་འཛོམས་ཟེར་བའི་གླུ་བརྒྱ་ངག་གཅིག་དེ་ཡང་གཏོང་བསྐྱར་གཏོང་བྱེད་ནས་ཉིན་མཚན་ལོ་ཟླའི་ཕྲེང་བ་རེ་རེ་བཞིན་སྡུག་སྐྱེལ་མུག་སྐྱེལ་བྱེད་པའི་གླུ་སྒྲ་བཅས། རྒུད་པ་སྟོང་གི་སྡེབ་དཀྲོལ་རོལ་དབྱངས་ཤིག་གིས་བར་སྣང་དུ་བྲག་ཆ་འཁོར་འཁོར་བྱེད།
    དེ་ཡང་ཉེ་བའི་ལོ་དེ་དག་གི་རིང་འཕྲལ་ཕུགས་ཀྱི་ཕན་ཁེ་ལ་མནོ་བསམ་གང་ཡང་མ་ཐོངས་བར།  “ལྷ་མིག་ཡར་བལྟ་མེད་པར། ཕག་མིག་ཐུར་བལྟའི་”ངང་། རང་ཚུགས་མ་ཐུབ་རི་བོང་ཅལ་འདྲོགས་བྱས་པའི་མཇུག་འབྲས་སུ།  གཞན་རིགས་སུ་གཅིག་ལའང་མེད་པའི་སྔར་མེད་གསར་སྤྲོས་ཀྱི་ལུགས་སྲོལ་ཕུང་སུམ་པ།“དགའ་སྐྱེལ་”ཟེར་བ་ཞིག་གསར་གཏོད་གནང་ཡོད་པ། དེའི་ཐོག་མའི་གནས་ཚུལ་བུ་ཕྲུག་ཐག་རིང་ས་གནས་གཞན་དུ་སློབ་གཉེར་འགྲོ་ཁར་ཁྱིམ་ཚང་ནང་ཁུལ་དུ་སྤུན་མཆེད་གྲོགས་པོ་རྣམས་ཀྱིས་ཁ་བཏགས་གཡོགས་ཏེ་སློབ་གཉེར་ལམ་ལྷོངས་ཡོང་བའི་རྟེན་འབྲེལ་བསྒྲིགས་པ་དེ་ཉིད། གཞི་ཁྱོན་ཇེ་ཆེ་དང་རྒྱ་ཇེ་འབྱམས་ལ་སོང་ནས་ད་ལྟ་གྲོང་ཁྱེར་ནས་རྫོང་དང་ཤང་གྲོང་ཁུལ་གང་སར་ཁྱབ་སྟེ་རང་གཞན་གྱི་དུས་ཚོད་དང་གཟུགས་པོ་རྒྱུ་ནོར་བརྩོན་སེམས་མཐའ་ན་མི་ཕན་ཚུན་བར་གྱི་འབྲེལ་ལམ་ཉམས་བྱེད་ཀྱི་སྤྱི་ཚོགས་ཀྱི་སྣང་ཚུལ་ངན་པ་ཞིག་ལ་གྱུར་ནས། ད་ལྟ་དུད་ཚང་སུ་ཚང་གི་དགའ་སྐྱེལ་རྒྱས་ཤོམ་ཆེ་མིན་དང་སྐུ་མགྲོན་ཡོང་མཁན་མང་ཉུང་། མོ་ཏྲ་མང་ཉུང་། ཡོང་འབབ་ཆེ་ཆུང་སོགས་གླེང་ནས་ཕན་ཚུན་འགྲན་རྩོད་བྱེད་ཅིང་། དེའི་ངན་ཤན་ཐེབས་ཏེ་མི་ཕལ་རྣམས་གཏམ་འདོད་དང་ལྟོགས་བླའི་གདོན་གྱིས་བརླམས་ཤིང་། ཕར་འགྲོ་ཚུར་འོང་དང་། ཕར་སྐྱེལ་ཚུར་ལེན་གྱི་ལན་ཆགས་བུ་ལོན་དེད་པའི་ཚོང་གི་འདུ་ཤེས་ལྟ་བུ་ཞིག་ཏུ་ཆགས་ནས།  ཐོན་རྒྱུ་འགྲུབ་རྒྱུ་མེད་པའི་དགའ་སྐྱེལ་གྱི་འཁོར་བ་འཁོར་ནས་མི་ཡུལ་གྱི་བར་སྲིད་འཁྱམས་བཞིན་མཆིས།
     རང་རང་ལ་ཕུགས་འདུན་དང་མི་ཚེའི་རིན་ཐང་ལྟ་བ་མི་སྐྱོན་ཙམ་རེ་ཡོད་པར་རློམ་པའི་ང་ཚོ་གཞོན་སྐྱེས་མི་རབས་གསར་པ་ཚོས་ཀྱང་ཕན་ཐོགས་དང་དོན་སྙིང་ཡོད་མེད་ཐད་ལ་བསམ་དཔྱོད་གང་ཡང་མི་གཏོང་བར། མ་དག་རྒྱུན་འབྱམས་ཀྱི་སྲོལ་ངན་དེར་རྒྱབ་སྐྱོར་གྱིས་འདིའི་འཕྲོ་མུ་མཐུད་བསྐྱང་ནས་མི་ཚེ་ལང་ཚོ་སྟོང་བཟད་བྱེད་དགོས་སམ།
   ང་ཚོས་དལ་འབྱོར་མི་ལུས་བླངས་པའི་དོན་གོར་སྤྱི་ཚོགས་ལ་ཕན་པའི་ལག་རྗེས་ཕྲན་བུ་རེ་འཇོག་ཐབས་སོགས་གང་ལ་ཡང་བསམ་བློ་གཏང་མི་དགོས་པར། ལན་ཆགས་བུ་ལོན་བདའ་འདེད་བྱེད་པའི་འུ་ཐུག་ལ་ཐབས་སྐྱོ་བ་ཆོ་མེད་པའི་ལས་ཀ་འདི་ལྟ་བུ་དར་རྒྱས་གོང་འཕེལ་གཏོང་རྒྱུ་དེ་རང་འཁྲིའི་ལས་འགན་ལ་འཛིན་ནས་བུ་རབས་ཚ་རྒྱུད་མི་རབས་རྗེས་མ་ཚོར་ཉམས་མེད་བརྒྱུད་སྤྲོད་གནང་རྩིས་བྱེད་དགོས་སམ།  ལྷན་རྒྱས་ནས་ཐུགས་བསམ་ཡག་པོ་ཞིག་བཞེས་དང་།
     སྤུན་ཟླ་ཚོ།  ཕེབས་ཤོག  འཚང་ག་ཤིག་ཤིག་ངང་ཕེབས་ཤོག  ང་ཚོའི་མི་རབས་འདིས་ངོམ་རིན་ཡོད་པའི་གཟི་བརྗིད་ཆེ་ཤོས་ཀྱི་གསར་གཏོད་གཅིག་རང་བསྟན་རྒྱུ་ཡོད་པ་“དགའ་སྐྱེལ་”གྱི་འགྲན་རྩོད་འདིའི་ནང་ཕེབས་ཤོག  ང་ཚོས་འཇོན་ཆེ་ཤོས་ཀྱི་ལས་ཀ་གཅིག་རང་ཡོད་པ་སྟེ། བག་ཁང་བཙུག་རྒྱུ་དང་མག་ཅང་རྒྱག་པར་ཕེབས་ཤོག    
ཐུགས་འཛེམ་གནང་དགོས་མ་རེད། དགའ་སྐྱེལ་མག་ཅང་སྤུན་རེད།
གཅིག་བལྟ་གཅིག་འགྲན་ངང་ནས།  གཅིག་ལྷག་གཅིག་རྒྱས་གཏོང་ཤོག །
    ད་དུང་གཏམ་འདོད་ཚ་བ་དེ་ཚོས་དེ་ལས་རྒྱས་ཙམ་ཞིག་བྱེད་བསམ་ན། རིན་ཆེན་མུ་ཏིག་བདུན་ཅུ་ཡིས་ཐུག་པ་སྐོལ་ནས།  དབྱར་རྩྭ་དགུན་འབུ་ཡིས་ཚལ་བརྔོས་ནས་གཏོང་དང་གཡེར་གྲགས་ཆེ་རུ་འགྲོ་ངེས་རེད།
    ཨ་ཁ་ཁ།  སྤུན་ཟླ་ཚོ།  ཁྱེད་ལ་ཞེ་ཁྲེལ་མེད་ན་ “གྲོང་པའི་བ་ཤི་ནའང་མྱ་ངན་ཞག་གསུམ་”གྱི་སྔོན་གྱི་ཡ་རབ་སྲོལ་བཟང་དག་ལྷ་སའི་སྐྱིད་ཆུའི་ནང་ཕངས་མེད་གཡུག་སྟེ། མནོག་ཆུང་ཆོ་མེད་ཀྱི་ལུགས་ངན་སྲོལ་ངན་འདི་ལ་ཤི་འཐམས་རོ་འཐམས་གྱིས་ཡུལ་ཤུལ་གྱི་ཚེ་འདས་སྟོང་ཕྲག་མང་པོའི་རྣམ་ཤེས་ལ་“དགའ་སྐྱེལ་”ཞུས་ཤིག  ཁྱེད་ལ་ལར་ཞེན་མེད་ན། མིག་ཆུ་ད་དུང་སྐམ་མ་ཚར་བའི་ཤུལ་ལུས་སྤུན་ཟླ་ཁྲི་སྟོང་མང་པོའི་སྐྱོ་གདུང་གི་སེམས་པ་ལ་ཐལ་བ་ཐོབས་ཤིག  ཨེ་གོ   སྤུན་ཟླ་ཚོ། 
 
  

འདིར་གསལ་འདེབས་ཞུ་རྒྱུར།    ཕྱོགས་ཡར་མར་གྱི་དྲ་གྲོགས་ཚོས་གནད་དོན་འདིའི་ཐད་དྲྭ་ལམ་ཁག་ཏུ་དགོངས་ཚུལ་དང་བགྲོ་གླེང་གི་སྦྱར་བྱང་རེ་སྤེལ་རྒྱུའི་གྲོས་འདོན་ཞུ་གི་ཡོད།   

 

ཡོང་ཁུངས།[ངེད་དྲ་བ།]     [2010-7-10] ཀློག་གྲངས།[214] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།ཞོགས་ལྗང་གི་དྲ་གཏམ་གཟེར་བྲིས་མ།
རྩོམ་ཞོལ་མ།མཚོ་སྔོན་གྱི་བཟོ་གྲྭ་ཞིག་ནས་སན་ཅུའི་ཆན་ཨན་དུག་ཡོད་འོ་རྩམ་འཚོལ་རྙེད་བྱུང་བ།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网