ཕབ་ལེན་སྣ་ཚོགས།
ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།
༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་།
ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
དེ་ལ་ངས་འདི་ནས་གྲྭ་པ་མང་དྲགས་སོང་ཟེར་བ་མིན་ལ་བསྟན་པ་རྒྱས་དྲགས་སོང་ཟེར་བ་དེ་བས་ཀྱང་མིན། ལུགས་གཉིས་གང་གི་རྒྱུད་འཛིན་མ་ཡིན་པའི་གོ་མེད་ཀྱི་མི་སྣ་མང་དྲག་སོང་ཟེར་བ་ཡིན། བ་མིན་གླང་མིན། ར་མིན་ལུག་མིན། སྐྱ་མི་སེར་མིན་གྱི་རུ་ཁག་འདི་མང་དྲགས་སོང་ན་ང་ཚོའི་ལུགས་གཉིས་ཆར་ཉམས་ཉེན་འགྲོ་བའི་རྒྱུ་རྐྱེན་དངོས་དེ་ཡིན་པར་སུས་ཀྱང་སྙོན་དུ་ཡོད་མི་སྲིད། དང་པོ་གྲྭ་ལྭ་གྱོན་མཁན་མང་དྲགས་ན་ནང་བསྟན་ཆོས་ལུགས་དང་དེའི་རྒྱུད་འཛིན་དངོས་ཚོར་སྣང་བརྙན་མི་ལེགས་པ་བཞག་དང་འཇོག་བཞིན་པ་ང་ཚོའི་མིག་མཐོང་ལག་ཟིན་རེད། དཔེར་ན།ན་ནངས་དྲྭ་ལམ་ནས་གྲྭ་པ་ཞིག་གིས་གཡེམ་གྱོད་ཆེད་ནང་དམེ་བྱས་ཚུལ་བསྒྲགས་འདུག་པ་ལྟ་བུ་དང་བཙུན་མ་འགའ་ཡིས་གྲོང་ཁྱེར་ལྷ་སའི་དཀྱིལ་དུ་གཞང་ཁང་བཙུགས་ཚུལ་སོགས་ང་ཚོས་ཐོས་རྒྱུ་འདུག་པ་ལྟར།གཞན་ཡང་དེང་སང་སྨན་ཁང་ནང་དུ་བཙུན་མ་ཕྲུ་གུ་མེད་པར་བཟོ་མཁན་འདུག་ཟེར་བ་དང་
གྲྭ་བཙུན་གྱི་རྟུལ་ཞུགས་འཛིན་མཁན་ཚོས་གཞི་རིམ་གྱི་རྔུལ་ཁྲག་ལས་བྱུང་བའི་དངུལ་སྒོར་འབོར་ཆེན་ཁ་པར་གྱི་ཟླ་ཁྲལ་ལ་བྱིན་ནས་གློག་རྡུལ་གྱི་ལམ་ནས་འཁྲིག་གཏམ་གྱི་བདེ་བ་ཉིན་མཚན་བར་མེད་མྱོང་གི་ཡོད་པ་སོགས་ཉིན་རེ་ལས་ཉི་རེ་ཇེ་བས་ཇེ་ཉོབ་དང་ཇེ་བཙོག་ཇེ་སྡུག་རེད། སྐྱ་- མིན་སེར་མིན་གྱི་རུ་ཁག་འདིས་ནང་བསྟན་ལ་ཞབས་འདྲེན་བཞག་པ་ཉུང་ཉུང་ག་ལ་ཡིན། ང་ཚོའི་སྤྱི་ཚོགས་ཀྱི་འཚོ་བ་ད་དུང་ངལ་དུབ་ཀྱི་མཐའ་ལས་གྲོལ་མེད་པས། དཔལ་འབྱོར་ཡར་རྒྱས་ཀྱི་འགྲོས་ཁ་ཇེ་མགྱོགས་སུ་བཏང་སྟེ། མཐའ་གཉིས་སུ་མ་ལྷུང་བའི་དྭངས་གཙང་གི་འཚོ་བ་ཞིག་སྐྱེལ་ཐབས་བྱ་དགོས། སྐྱ་མིན་སེར་མིན་གྱི་རུ་ཁག་གིས་མི་སྣ་གང་གི་གོ་མི་ཆོད་པ་མ་ཟད་རང་ཉིད་ཀྱི་འཚོ་བའི་འགྲོ་གྲོན་ཡང་གཞི་རིམ་མང་ཚོགས་ཀྱི་ཐོན་འབྲས་ལ་སྤྱོད་དགོས་པས། རུ་ཁག་འདི་ཇི་ཙམ་མང་བ་དེ་ཙམ་གྱིས་ང་ཚོའི་དཔལ་འབྱོར་ཡར་རྒྱས་ཀྱི་འགྲོས་ཁ་ཇེ་དལ་དུ་འགྲོ་བ་ལྟོས་གྲུབ་རེད། སྐྱ་མིན་སེར་མིན་གྱི་རུ་ཁག་འདི་ཇི་ཙམ་ཉུང་བ་དེ་གྱིས་ང་ཚོའི་རབ་བྱུང་པའི་སྡེའི་སྤུས་ཚད་ཇེ་བཟང་ཇེ་གཙང་དང༌། བསྟན་པ་ཡང་ཇེ་རྒྱས་ཇེ་དར་དུ་འགྲོ་ལ།
དཔལ་འབྱོར་ཡར་རྒྱས་ཀྱི་འགྲོས་ཁ་ཡང་ཇེ་འགྱོགས་སུ་འགྲོ་ངེས་ཏེ། ཉོག་པ་ཐམས་ཅད་བསལ་ན་ཆུ་བོ་དྭངས་གཙང་གི་ངོ་བོར་ཡོད་ལྟ་བུ་དང༌། ཁུར་པོ་མེད་པའི་མགྲོན་པ་དེ་འགྲོ་ཡུལ་ལ་མགྱོགས་མྱུར་དུ་ཐོན་ཐུབ་པ་ལྟ་བུའོ། འདི་ནི་བདག་གིས་དེང་སང་རབ་བྱུང་པའི་སྡེའི་གནས་གཏང་ལ་ལྟ་ཚུལ་གྱི་ཟུར་གཅིག་ཡིན། དམིགས་གསལ་ཞུ་བྱ་ཞིག་རང་ཉིད་ཀྱི་ཕྱོགས་སྔ་རང་ཉིད་གྱུར་ཡོད། རང་ཉིད་ཀྱི་སྐྱོན་ངན་རང་ཉིད་ཀྱིས་གླེང་བ་ནི་ངའི་སྙིང་སྟོབས་ཡོད་ཚད་ཀྱི་སྙིང་གཅུད་དང་ཆོད་སེམས་ཡོད་ཚད་ཀྱི་སྔོན་འགྲོ་རུ་སེམས་ཡོད།
༢༠༡༠ ༥ ༧ ཉིན་གྲོང་ཁྱེར་ལེ་སྦེན་ནས་འཁྱམས་པོ་དེས།