ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སྙན་ངག

ས་སྲོད་ཀྱི་སྐྱོ་སྣང་རུམ་པའི་ཆུ་ཕྲན་གྱི་དབྱངས་རྟ་ཐུང་ངུ།

བྱ་དོར་ཕུན་ཚོགས་དབང་ཕྱུག

ཟླ་བ། སྤྲིན་གཟེབ་ཏུ་ཧད་དེ་ཡུན་རིང་གོར་སོང་བའི་མཚན་གུང་དུ།
འཁྱག་རླུང་གི་སྒུལ་ཚུལ་ཞིག་ལས་ནམ་མཁའ་ཧྲིལ་བོ་འདར་འདར་བྱེད་པ་དང་མཚུངས།
མར་མེ་ཆུང་ཆུང་ཞིག་གི་སྲོག་ཐག་ལས་སྙི་དྲགས་པའི་ཁྱོད་ཀྱི་ལས་དབང་འདི།
མཚན་མོ་རྟག་པར་མུན་པའི་འཇིངས་སྲུབ་ན་ཧ་ཅང་གཉོམ་དུང་གིས་འཚོ།
 
ས་སྲོད་ཀྱི་སྐྱོ་སྣང་རུམ་པའི་ཆུ་ཕྲན་གྱི་དབྱངས་རྟ་ཐུང་ངུས།
ཨ་མའི་མིག་ཆུ་རྡོག་རེ་སྒྱུ་འཕྲུལ་གྱི་ལྷ་ཞལ་ལ་གཏོར་དུས།
ཟིལ་བ་འཛུམ་པའི་བྱང་ཐང་གི་མེ་ཏོག་ཚོམ་བུ་འགའ།
མུན་ནག་གི་ས་གཞི་རུ་སྔར་བས་མཛེས་སྡུག་གིས་བཞད།
 
ལོ་ཟླ་ནི་ཁ་བའི་འདབ་མར་དཔར་བའི་ཚོན་མདངས་ཀྱི་ལྡེབས་རིས་བཞིན།
རེ་གསལ་རེ་མོག་ངང་མཚོ་མོའི་འཕྱོ་འཇགས་ཀྱི་བྲང་ཁར་འཁྱིལ་ཅིང༌།
གཏམ་རྒྱུད་ཀྱང་ཉི་འོད་དང་རླངས་སྤྲིན་འཐབ་པའི་དབང་གཞུ་ལྟར།
བར་སྣང་དང་མུན་པའི་བར་གླེགས་ན་གདོད་མའི་རང་གཤིས་བརླགས།
 
མེས་པོའི་ཟུངས་ཁྲག་གི་མདངས་སུ་འཚེར་བའི་མཚམས་སྤྲིན་གྱི་བླ་འགབ་འོག
ཞེ་གནག་གི་རྔོན་པ་དེ་རི་སྤྱང་གི་རྔམ་སེམས་ཁུར་ནས་བོའུ་ཁ་གང་ཞིག་ཏུ་སྡིགས་བཞིན་ཡོད་ཨང༌།
སུས་ཀྱང་མ་རིག་པའི་གྲུ་ཟུར་དེའི་གསལ་སྒྲིབ་དང་སྨྲེང་སེམས་ཐན་ཐུན།
སྤྲིན་ནག་ལ་རྡུང་ཁ་ཐེབས་པའི་ཕུག་རོན་དཀར་མོའི་མགྲིན་དབྱངས་ལས་ལྷང་ངེ་ལྷང་ངེར་ཐོས་ངེས།
 
 

ཡོང་ཁུངས།[སེང་རྡོར་དྲ་བ།]     [2010-7-13] ཀློག་གྲངས།[63] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།ཐེ་ཀོར་གྱི་སྙན་ངག<<འཇིག་རྟེན་སྟེང་གི་ཆེས་རིང་བའི་བར་ཐག>>ཅེས་པ།
རྩོམ་ཞོལ་མ།ཚོར་བའི་ཁམས་ཀྱི་འཕྲིན་ཡིག
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བུད་མེད་དང་འབྲེལ་ཡོད་ཀྱི་སྣང་ཚུལ་ཁ་ཤས།
[2010-9-5]
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网