ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> འབོལ་རྩོམ།

མི་སྒེར་གྱི་འདོད་པའི་གསར་རྩོམ།

 

རང་ཉིད་ཀྱི་སེམས་ཚོར་ཕྲན་བུ།
 
 
 
               ལྷམ་ཀོག
 
རང་བྱུང་ཁམས་ཀྱི་མཛེས་ལ་ལྷུན་ཆགས་པའི་ཁོར་ཡུག་དང་། ཡིད་གཞུངས་ལ་སེམས་གཤིས་འཇམ་པའི་སྤྱི་ཚོགས་ཀྱི་ཀུན་སྤྱོད་དག་གིས་རྩོམ་པ་པོའི་སེམས་ཀྱི་ཚོར་བ་ལ་དགའ་སྐྱོ་ཆགས་སྡང་གི་བསྣོན་མ་འདེབས་པ་ནི། སྒྱུ་རྩལ་བརྩམས་ཆོས་ཤིག་གི་ཐོག་མའི་ས་བོན་ཡིན་ཞིང་། ཡུལ་གྱི་སྤུ་རིས་སོ་སོར་འབྱེད་པའི་ལྷན་སྐྱེས་ཀྱི་ཤེས་རབ་དང་། ལྟོ་སྐྱ་གོས་ཧྲུལ་ཁྲོད་ཀྱི་དཔེ་ཀློག དབེན་སིམ་སིམ་གྱི་ཁེར་རྐྱང་གི་འཚོ་བ་ནི་སྙན་ངག་གི་བླ་དང་རུས་གནས་སའི་རྟེན་དུ་ངོས་བཟུང་ཆོག་པར་སྙམ།
              དགོན་པའི་འདུ་ཁང་ནས་རང་གི་གྲྭ་ཤག་བར་གྱི་ཁུ་སིམ་པའི་སྲང་ལམ་དང་། གསེར་ཏོག་གི་རྩེ་ལ་ཟླ་འོད་འཕོག་པའི་མཛེས་སྡུག་གི་ལོངས་སྤྱོད། གྲྭ་ཤག་གི་ར་སྐོར་ན་རླུང་བུས་སྐྱོད་བཞིན་པའི་བསིལ་སྡོང་གི་ཉེ་འགྲམ་དུ། བདག་གིས་ནི་འཁོར་བའི་ཕུན་ཚོགས་ཀྱི་མངར་བ་དང་། བསྐྱུར་བ། བསྐ་བ་དང་ཁ་བའི་རོ་ལ་སྲེད་པ་འམ། དེ་ལས་གཞན་སྐྱེས་པ་དང་རྒ་བ། ན་བ་དང་འཆི་བ། ཤི་བ་སོགས་ཀྱི་རང་མཚང་ལ་ཞེ་མེར་བའི་ངང་ཚུལ་ནས། དུས་རྟག་པར་འདུ་བ་དང་འབྲལ་བའི་དངོས་པོའི་གཤིས་ལུགས་རྗེན་ནེ་བ་ཞིག་རྟོགས་པའི་ཚོར་བ་སྦོམ་ལ་དྲགས་པ་ཞིག་གིས་བསྐུལ་ཏེ། ལུས་ཀྱི་ཤ་ལྤགས་རུས་གསུམ་དཀྱུས་གཅིག་ཏུ་ཡོམ་པ་ལྟ་བུའི་སྣང་ཚུལ་མཐའ་དག་ནི། ལྡེབས་ངོས་སུ་བྲིས་པའི་རི་མོ་བཞིན་ལྷམ་མེ་ལྷན་ནེ་ལྷང་ངེར་སྟོན་ཐུབ་པ་དེ་ཆེས་སྒྱུ་རྩལ་གྱི་དྭངས་མ་ཞིག་རེད་འདོད་ཅིང་།   ཕྱི་རོལ་གྱི་བྱ་དངོས་དེ་དག་ཤེས་རབ་ཀྱི་འོད་ཟེར་སྦུ་གུ་ལྟ་བུའི་ལམ་དུ་ཡར་འདྲེན་ཐུབ་ཀྱང་། མར་ཀློག་པ་པོའི་སྤྱན་ལམ་ཏུ་འགྲེམས་པར་བྱེད་པ་ལ། རྒྱུ་དང་རྐྱེན་དུ་མ་ཞིག་འཚོགས་དགོས་པར་འདོད།
ཆ་རྐྱེན་དང་པོ་དེ་ནི་རང་གི་བརྡ་སྤྲོད་པའི་གཞུང་ལུགས་དང་སྐད་ཆར་གསེར་བཙོ་མ་བཞིན་དུ་ལྷད་མ་འདྲེས་པར་ནང་རྒྱུས་ལོན་དགོས་ཤིང་། དེས་བསྟན་པའི་ཚིག་དང་ཚིག་གི་བར་གྱི་སྡེབ་སྦྱོར་ཀྱི་ལྕི་ཡང་ནི་ཤིན་ཏུ་གལ་ཆེ་ཞིང་། གལ་ཏེ་ཁྱེད་ཀྱིས་དེ་ལ་སྣང་མེད་བྱས་པ་ཡིན་ན། པི་ཝང་གི་རྒྱུད་མ་ཚང་བ་འམ་རྒྱུད་ཆད་པ་ལྟ་བུའི་གོལ་ཆག་ཐེབས་ངེས་ཡིན། གཉིས་པ་ནི་རང་གི་སེམས་ཀྱི་ཚོར་འདུ་ཕྲ་མོ་དེ་གབ་པ་དང་སྦས་པ་ཅུང་ཟད་སྦས་པ། ཟུར་མངོན་པ་སོགས་ཀྱི་སྒྱུ་རྩལ་གྱི་ཉིང་ཏིག་ནི། ཕྱི་རོལ་གྱི་རླུང་བུ་འགྱུ་ཚུལ་དང་། སྤྲིན་པ་གཡོ་སྟངས། ཞོགས་པའི་ཟིལ་བ་ཆགས་ལུགས་ཀྱི་ངོ་བོ་དང་ཆུ་ལ་ཆུ་བཞག་ཏུ་སོང་བ་ཡིན་ན། ད་གཟོད་ཁྱེད་ཀྱིས་ཀློག་པ་པོའི་ཡིད་ཀྱི་བརྟན་པ་དབང་མེད་དུ་འགུགས་ནུས་པར་མ་ཟད། ཁྱེད་ཀྱི་སྙན་ངག་དེ་ཡང་ནད་མེད་འཁུན་སྒྲ་ཡི་ཚུལ་ལས་རང་དུ་སོང་བའི་དན་རྟགས་བླ་ན་མེད་པ་ཞིག་ཡིན་པར་ངེས་ཤེས་འདྲོངས་ཐུབ། འདི་ནི་མཚོན་ཚུལ་ཙམ་སྟེ་རྣལ་འབྱོར་བ་དང་བསམ་གཏན་པའི་དོ་ཧ་དང་མགུར་མའི་ཁྲོད་ཀྱི་རི་ར་བ་ཁང་ཁྱིམ་དག་ནི་འགུལ་བ་དང་སྐྱོམས་པ། བཤིགས་པ་དང་ཐོར་བ། ཡང་ན་སྤྲིན་པ་དང་སྨུག་པའི་བར་གསེང་ནས་མཁའ་འགྲོ་མ་དང་རྣལ་འབྱོར་མའི་ཚོགས་ཀྱི་སྒེག་པའི་ཉམས་དང་
མཛེས་པའི་ཚུལ་སྟོན་པའི་དཔེ་དང་དཔེ་ཅན་གྱི་རིགས་པའི་གསང་བ་ཕྲ་མོ་འདི་ཀོ་ཅི་འདྲའི་ཡ་མཚན་པའི་གནས་སུ་སོང་བ་ནི། རྗོད་བྱེད་ཀྱི་ཚིག་དང་བརྗོད་བྱའི་དོན་གང་གི་ཐད་ནས་ཀྱང་གསེར་གཞོང་མར་ཁུས་བརྒྱན་པ་ལྟ་བུའི་སྒྱུ་རྩལ་གྱི་ཐབས་ལ་མཁས་པའི་འབྲས་རྟགས་སུ་ཤར་བ་ལགས་ན། ང་ཚོས་ཀྱང་རྩིང་རགས་རྣམ་ཅན་གྱི་ངང་དུ་སྒྱིད་ལུག་པའི་གཤིས་སུ་མི་འགྲོ་བར།   ངེས་པར་དུ་གང་སྣང་དཔེ་རུ་འགོད་པའི་ཐབས་བླ་ན་མེད་པ་འདི་བསླབ་རྒྱུའི་གནས་གལ་བོ་ཆེ་ཞིག་ཏུ་ཤེས་དགོས།།
མདོར་ན་ཁྱེད་ཀྱི་སྙན་ངག་ཁྲོད་ཀྱི་མཛེས་སྡུག་མཐའ་དག་ཁྱོད་རང་ཉིད་ལ་གཏོགས་དགོས་ཤིང་། ཐུན་མོང་གི་ལོངས་སུ་སྤྱད་བྱར་གྱུར་བའི་མཛེས་སྡུག་རྟག་པ་བརྟན་པ། ཧྲེང་ངེ་བ་ཞིག་ནི་ཡོད་པའི་དུས་མི་སྲིད་དོ།། དེའི་ཕྱིར་སྙན་ངག་ཁྲོད་ཀྱི་གཏན་ཚིགས་ནི་གཏན་ཚིགས་བཏགས་པ་བ་ཞིག་ཡིན་ཞིང་། གཙོ་བོ་ཡིད་ཅན་སེམས་ཀྱི་འདི་ཡིན་འཕྲོ་ལ་འདི་མིན་གཞན་ཞིག་འོང་བའི་ངོ་གདོང་དཀར་ནག་གི་རྗེས་སུ་འབྲང་བ་ཁོ་ན་ཡིན་པར་རྟོགས་ཚེ། ད་གཟོད་ཁྱོད་ཀྱི་སྙན་ངག་སྙན་ངག་ཏུ་གྲུབ་ཡོད་པར་བཤད་ན་ཅིས་མི་ཆོག འོན་ཀྱང་། དེ་ནི་ད་ལྟ་འང་རྣམ་རྟོག་དེ།། དེ་དག་མ་ལུས་སུས་འཆད་ནུས།། གསུངས་པས་འདི་ཡིན་དང་འདི་མིན་གཉིས་ལས་ཕུང་གསུམ་པ་ཞིག་མི་སྲིད་པར་འདོད་ན་ནི་འོས་སུ་མ་མཆིས་ཀྱང་། ལྟོས་འཇོག་གི་ཆ་ཞིག་དགར་བར་སྐྱོན་དུ་བལྟ་བར་ཡང་མི་བྱ།
མཇུག་ཏུ་ཁོ་བོས་ནི་ལྟ་ལུགས་གཅིག་ལ་མཐོང་ལུགས་བརྒྱ་རུ་སྣང་བའི་སྙན་ངག་ནི་རྟོག་པའི་ཁྱོན་ཡངས་ཤིང་། མཛེས་པའི་བསྐྱེད་ཡོད་པ་ཞིག་ཏུ་ལྟ་གིན་ཡོད་ཅིང་། དེ་ཡང་ཅར་གྱིས་སོང་ན་ཀློག་པ་པོ་རྒན་དར་གཞོན་གསུམ་གང་གི་སྤྱན་སྔར་ཡང་ཁྱོད་ཀྱི་སྙན་ངག་ལ་ཕྱོགས་རིས་མེད་པ་ཡིན་ཚེ། དེ་ནི་ཐུན་མོང་མ་ཡིན་པའི་སྙན་ངག་གི་ངོ་བོ་འཇོག་བྱེད་ཀྱི་རྩ་བ་དང་། གང་ཟག་གང་གིས་ཀྱང་རྒོལ་བར་མི་ནུས་པའི་ཁྱད་ཆོས་ཤིག་རེད་སྙམ་སྐྱེས་སོ།།
 
 
ཡོང་ཁུངས།[སེང་རྡོར་དྲ་བ།]     [2010-7-30] ཀློག་གྲངས།[191] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།མི་འདི་ཚོ།
རྩོམ་ཞོལ་མ།མགྲོན་པོ་གསར་བའི་སྐད།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网