ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སེང་རྡོར་བྲིས་རྩོམ།

རང་གིས་བདམས་པའི་རང་གི་སྙན་ངག་འཕགས་ཤོས་སྐོར།

སེང་རྡོར།

 

____ གྲོགས་པོ་རྩོམ་དགའ་ཞིག་ལ་ངག་ལན་ལྡོན་པ།

 

ད་སྔོན་འདིར་གྲོགས་མི་ཁོམ་པའི་རྒྱལ་སྲས་ལགས་ཀྱིས་སྨྱན་བྱེད་གླེང་མོལ་བསྐོར་འོང་སྟེ།ཉེ་ཆར་དྲ་བ་སོགས་སུ་ཁྱོད་ཀྱི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ཅེས་པ་ཞིག་གླེང་གིན་ཡོད་པ་མཐོང་ཨེ་སོང་ཟེར། ཁྱོད་ཀྱིས་བལྟས་ན་སོ་སོའི་འཐུས་ཚབ་ཏུ་རུང་བའི་བརྩམས་ཆོས་གང་འདྲ་ཡོད་དམ་ཅེས་དྲི་བ་ཞིག་ཀྱང་འཕངས་སོང་ཐལ། བདག་གིས་ཁོ་ལ་འདི་ལྟར་ཟེར་བར་དགའ་སྟེ། ལར་ཁོ་བོའི་སྙན་ངག་དག་ལ་གཅིག་གྱུར་གྱི་མིང་འབོད་ཅིག་བྱ་དགོས་ཚེ། མཚན་ཉིད་རིག་པའི་སྙན་ངག་གམ་གཏན་ཚིགས་རིག་པའི་སྙན་ངག་ཟེར་ན་ཅུང་ཟད་འགབ་པ་འདྲ་ཞིང་།རྩོམ་རྩལ་དང་ཁྱད་ཆོས་ཁོ་ན་དམིགས་སུ་བཀར་ནས་བལྟས་པ་ཡིན་ཚེ།<<རྟུལ་ཕོད>>ཧྲིལ་བོ་དང་དེ་མིན་པའི་བཅད་རྩོམ་མང་ཞིག་ལ་ར་བཟང་ལུག་དམན་གྱི་ཁྱད་པར་ཞིག་རང་ངོས་ནས་འཇོག་རྒྱུ་ཅང་མ་རྙེད་ལ།ནམ་ཞིག་གི་ཚེ་བོད་ཀྱི་ཚིགས་བཅད་གསར་མའི་ལུགས་ཀྱི་སྙན་ངག་འདི་དག་དཀྱུས་གཅིག་ཏུ་གླེང་དགོས་ཤིག་ཡོད་ན། བདག་གི་རྩོམ་ཧྲུལ་རྣམས་ནི་སྒོ་ཕྱུགས་ནང་གི་མགོ་རྒོད་ཀྱི་གྲས་ཤིག་ནི་ཕལ་ཆེར་ཡིན་ལས་ཆེའོ། །

 

ཡིན་ནའང་། མིའི་རིགས་ཀྱི་སྙན་ངག་རིག་པའི་བྱུང་འཕེལ་དང་ད་ཆའི་འཛམ་གླིང་ཤར་ནུབ་ཀྱི་རྩོམ་མཁན་རྣམས་ཀྱིས་སྙན་ངག་ལ་ངེས་འཛིན་བྱས་པའི་མཚམས་ཐིག་རགས་པ་དེ་ནས་གཞལ་བ་ཡིན་ཚེ།སོ་སོས་ཁ་ཕོ་དང་བཅས་ཏེ་སྙན་ངག་གཤའ་མ་རྐྱང་ཞིག་ཏུ་ཁས་ལེན་ཐུབ་པ་ནི།<<གདོན་གྱིས་བཟུང་བའི་སྙན་ངག་འདི།>>ཞེས་པ་དང་།<<གྲྭ་པའི་མིག་ལ་བུད་མེད་འདི་ལྟར་ཡག>><<བགྲེས་པོ་ཁ་དཀར་མགོ་དཀར་ཞིག་དྲན་པ།>><<རས་སེར་པོ>><<གླུ་དབྱངས་རྙིང་པ་འོས་སྦྱོར།>><<ང་དང་དོ་དགོང་བུ་མོ་གསུམ>><<རང་བྱུང་མཛེས་སྡུག་གི་ཟུར་ཞིག>><<ཆུ།>><<གོ་རེ་ཐལ་བསྲེགས་མ>>ཞེས་པ་བཅས་ལས་ཧ་ལམ་མེད་པ་ལྟ་བུར་སྣང་སོང་།

 

འོན་ཏང་།མི་གཞན་ངོས་ནས་ཚུར་སྣང་དང་ལན་ཆ་བྱུང་བ་ནི་ཤིན་ཏུ་ནས་མ་འདྲ་བ་ཞིག་སྟེ།དེ་སྔོན་བོད་ཀྱི་སྙན་ངག་པ་གཡེར་ཆེན་ཞིག་གིས་ཁོ་བོར་འདི་ལྟར་ཐལ་བྱུང་། ཁྱོད་ཀྱི་སྙན་ངག་ཏུ་ཕྱོགས་གང་ཐད་ནས་ཕྱི་ནང་འོད་དུ་གསལ་བ་ཞིག་ཡོད་པ་ནི།<<སྐྱེས་བུ་ཞིག་གི་མི་ཚེ་ལ་བལྟས་ཏེ་ཁྱོད་དང་ང་ཡི་སྒལ་རུས་བསྡུར་བ>>ཞེས་པ་དེ་ཁོ་ན་རེད་ཅེས་བཤད་བཞག་པ་ལྟ་བུ་རེད། དེ་མིན་ཁོ་བོར་འབོལ་རྩོམ་ཕྱོགས་ནས་འཐུས་ཚབ་ཏུ་རུང་བ་ཅི་ཡོད་ནི། ཞོགས་ལྗང་ལགས་ཀྱིས་བྲིས་པའི<<ནུབ་བྱང་ཚང་དུ་སེང་རྡོར་མ་ཤོངས་ཚུལ>>ཅེས་པར་ཡོངས་སུ་ལྷང་ལ་ཕུད་འདུག་པས་དེར་གཟིགས་ཞུ།  

 


2009-12-12   

ཡོང་ཁུངས།[ངེད་དྲ་བ།]     [2009-12-12] ཀློག་གྲངས།[635] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།ངའི་ཕ་ཡུལ་མེ་ཡི་གྲོང་ཁྱེར་ཡིན།
རྩོམ་ཞོལ་མ།ཁྱོད་ཚོས་གྲངས་ཀ་རྩིས་དང་། ཁོ་བོས་བྱ་དགའ་སྟེར་ཆོག
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
དྲ་འབུ་ཡ་རབས་དག་གིས་འདི་ལྟར་གསུང་གི་འདུག
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网