ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སེང་རྡོར་བྲིས་རྩོམ།

ཁྱོད་ཚོས་གྲངས་ཀ་རྩིས་དང་། ཁོ་བོས་བྱ་དགའ་སྟེར་ཆོག

སེང་རྡོར།

 

 

 

___ སེང་རྡོར་གྱིས་རང་ཉིད་དང་བཅས་པར་བྱ་དགའ་སྤྲད་ཡོད།

 

རྒྱལ་གཉེར་ཚགས་དེབ་མང་པོའི་མཐའ་རོལ་དུ་སྐྱེས་པའི། །
གཞུང་བཙུགས་སྨྱན་བྱེད་མང་པོའི་རྒྱབ་ལོགས་སུ་འབུས་པའི། །
དམར་ཕྱོགས་བྱ་འགུལ་མང་པོའི་གཞོགས་ཟུར་ནས་སྨིན་པའི། །
དགུན་གྱི་སྐྱེ་དངོས་འོ་ཅག་སྐལ་བ་གཅིག་བཟང་བྱུང་། །

 

དེ་རིང་སྲིད་པའི་གངས་རྒན་དཔང་བོ་རུ་བཞག་སྟེ། །
ཁ་འབབ་ཆུ་བོ་རྣམ་བཞི་ཟུར་མཉན་དུ་བསྐོས་ཏེ། །
འཁྱམས་པོ་ཁ་གསལ་འབུམ་གྱི་གྲོགས་དན་དང་བཅས་ཏེ། །
བདེན་འཛིན་རྟགས་མ་ཆེན་པོ་སེམས་ནང་དུ་འཇོག་རྒྱུ། །

 

ཕ་མེས་དགུ་བརྒྱུད་རིང་གི་ཆང་རྙིང་ཞིག་ཡོད་དེ། །
སློབ་དཔོན་ནམ་མཁའ་ནོར་བུས་ཞབས་དག་ཏུ་བཞེས་དགོས། །
དུས་ཀྱི་ལོ་རྒྱུས་སྨྲ་བ་དཔའ་ཤོས་སུ་འགྲོ་ཞེས། །
འདི་ན་གཡུང་དྲུང་སྒོ་བཞིའི་བྲང་རྟགས་ཤིག་འབུལ་རྒྱུ། །

 

གཉན་རྒུའི་དོང་རིང་སྤྲུགས་པའི་ལག་རྗེས་ལ་བལྟས་ན། །
གཤེད་བརྒྱའི་གདོང་འབག་དྲལ་བའི་ས་ཆོད་ལ་གཞིགས་ན། །
བདག་ཡིག་འབུར་དུ་བརྐོས་པ་གསེར་སེར་གྱི་པིར་འདི། །
ཞོགས་དུང་ཉི་གཞོན་སོགས་ལས་མཛའ་ས་ཞིག་མེད་འདྲ། །

 

སེམས་ཆུང་སྡེ་བས་ཐུ་བྷོད་བསྡུས་གཟུགས་སུ་བཏབ་ཡོད། །
གེ་སར་རྟ་རྫིས་གངས་ལྗོངས་ཐིག་རིས་སུ་བྲེས་ཡོད། །
གཞས་ཚིག་ཁོ་ནས་སྒང་དྲུག་འཐོར་མེད་དུ་བསྡམས་པའི། །
གངས་བུ་དགའ་སྐྱེད་ཙོང་ཁའི་ན་རོ་རུ་བསྐོས་འགྲོ །

 

སྒོ་ཤེར་ཆོས་སྲིད་འབྱེད་པའི་དྲང་ཤིང་དུ་ཉེ་ཙམ། །
མདའ་སྨྱུག་ལྷ་རིག་བཞུ་བའི་དམྱལ་མེ་རུ་འགྲོ་ཙམ།།
སྨིན་དྲུག་གངས་ཐིག་འདེད་པའི་ལམ་ཡིག་ཏུ་འཐད་ཙམ། །
བཀུར་འོས་གདན་ཐོབ་ཡོད་ན་ཁོ་ཅག་ལ་སྟེར་དགོས། །

 

ལྗང་བུ་ཚིག་གྲུབ་སྟོང་གི་སྤྱི་ཕུད་དུ་འབར་ཡོད། །
སྐྱབས་ཆེན་རྟོག་བརྙན་འབུམ་གྱི་ཉིང་ཏིག་ཏུ་དྲིལ་ཡོད། །
གེའུ་བརྡ་བྱེད་ཁྲི་ཡི་ཡང་ཞུན་དུ་འཁྱིལ་ཡོད། །
བསྔགས་འོས་མཚན་སྙན་ཡོད་ན་ཁོ་ཅག་ལ་སྒྲོན་རོགས། །

 

ཐེའུ་སྒྲེན་ཞོགས་གདོན་ལ་སོགས་ཕོ་ཤར་གྱི་ཚོགས་ཤིག །
བོད་གཟུངས་ཁ་བ་ལ་སོགས་མོ་གཞོན་གྱི་ཁྱུ་ཞིག །
འོད་དཀར་གངས་ཉི་ལ་སོགས་རྟུལ་ཆེན་གྱི་སྐོར་ཞིག །
བྱ་དགའི་རྣམ་གྲངས་འདི་ཡི་རྟིང་གནོན་དུ་འཕར་དགོས། །

 

བཅད་མའི་ཚིག་གི་རི་རྩེ་སྤྲིན་གསེབ་ཏུ་ཚུགས་ཤིང། །
ཆོས་རྙོག་དཀྲུགས་པའི་སྙིང་ཁམས་བདུད་རྒན་ལྟར་སྲ་བའི། །
སྐལ་འདི་གཞོན་པ་རང་གིས་ལག་བསྲིངས་ཀྱིས་ཁྱེར་འགྲོ །
འུག་ཆུང་སྐྱིད་པོ་མེད་ན་རྩལ་འགྲན་དུ་ཕེབས་ཤོག །

 

གཞན་ཡང་གྲགས་པ་མེད་པའི་སྦས་ཚུལ་གྱི་མཁས་པ། །
ད་དུང་བརྩམས་པོད་མེད་པའི་གབ་ཚུལ་གྱི་དམ་པ། །
གངས་རིའི་བླ་འགབ་གཉིས་སུ་ཡོད་ཡོད་དུ་ངེས་པས། །
དགེ་བའི་གཟེངས་སྐྱེས་མང་ཤོས་ཁོ་ཅག་ལ་བསྐྱུར་དགོས། །

 

ཤར་ཕྱོགས་དུང་རི་བོད་ཀྱི་མགྲིན་ཚབ་ཏུ་འགྲོ་ཚོད། །
ན་གཞོན་གསར་བ་བོད་ཀྱི་མིག་ཚབ་ཏུ་འཐད་ཚོད། །
གང་ལྟར་སྲོག་གིས་འགྲེང་བའི་སྣག་རིས་ཀྱི་ལས་དག །
བསྔགས་ཚིག་འབུམ་གྱིས་བཀླུབས་ཀྱང་ནོངས་དགོས་ཤིག་ཅི་ཡོད། །

 

༢༠༠༩  ༡༢  ༡༦

 

 

 

ཡོང་ཁུངས།[ངེད་དྲ་བ།]     [2009-12-17] ཀློག་གྲངས།[820] འབྲུ་ཚད། [ཆེ།] [འབྲིང་།] [ཆུང་།]
རྩོམ་གོང་མ།རང་གིས་བདམས་པའི་རང་གི་སྙན་ངག་འཕགས་ཤོས་སྐོར།
རྩོམ་ཞོལ་མ།བདག་དང་ལྷ་སྲིན་སྡེ་བརྒྱད།
དཔྱད་བརྗོད།


དཔྱད་བརྗོད་སྤེལ་བ།
རྩོམ་གསར།
བོད་མི་ཞིག་གི་དྲང་གཏམ།
[2010-9-5]
ང་ཡིས་གྲོགས་པོ་ཁྱེད་ལ་འདི་སྐད་གླེང་།
[2010-9-5]
མི་བུ་ཞིག་གི་ལོ་རྒྱུས།
[2010-9-5]
རྡོ་འབུམ་དྲ་བའི་དཔེ་འཕྲིན། ཨ་མདོའི་གོམས་སྲོལ་ཉུང་བསྡུས། ཚེ་བརྟན་རྒྱལ་གྱི་བརྩམས་ཆོས།
[2010-9-4]
སྙན་ངག་གི་མཐར་ཐུག་སངས་རྒྱས་རེད།
[2010-9-4]
མཚོ་ཁུགས་གྲོང་ཁྱེར་ནས་མཐོང་བའི་བོད་ཀྱི་སྐུ་པར་ཞིག
[2010-9-4]
ལབ་རྒན་ལེའུ་བདུན་མ།
[2010-9-4]
དྲ་འབུ་ཡ་རབས་དག་གིས་འདི་ལྟར་གསུང་གི་འདུག
[2010-9-4]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2403]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2170]
<<རྟུལ་ཕོད>>ཆ་ཚང་།
[1468]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1402]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1327]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1251]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1234]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1227]
友情链接: 青海汽车网