ཕབ་ལེན་སྣ་ཚོགས།            ངེད་དྲ་ཚིགས་ཀྱི་གསལ་བསྒྲགས།              ༈ དྲ་བ་འདིར་གཟིགས་པར་ཧི་མ་ལ་ཡ་བོད་ཡིག་གི་ཡིག་གཟུགས་དང Internet Explorer 7 བཅས་སྤྱོད་རོགས་གནང་། ཧི་མ་ལ་ཡ་བོད་ཡིག་ཕབ་ལེན།
གཙོ་ངོས། >> སྤྲོ་ཁང་།

ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།  

  ཇོ་མོ་ཚོ།   ཞབས་བྲོ་འཁྲབ་རོགས། སྐྲ་ལོ་བཅད་ཟིན་ནའང་། ལྭ་བ་བརྗེ་ཡོད་ཀྱང་། ཞབས་བྲོ་དག་རྩེད་ཤེས་ན། སྒྱུ་རྩལ་ལ་དུངས་པ་ཡོད་ན། མུ་མཐུད་དུ་འཁྲབ་ཆོག སྐྲ་ལོ་ཞིག་གི་རིང་ཐུང་དང་། རས་གོས་ཤིག་གི་ཕྱི་ནང་གི་ཁ་དོག་ཙམ་གྱིས། ཅིས་གོ་ཆོད།  

ང་རང་མཁན་སྤྲུལ་ཡིན། ཡིན་ན་ཅི་རེད།  

         

དྲ་འབུ་ཡ་རབས་དག་གིས་འདི་ལྟར་གསུང་གི་འདུག  

        བོད་པ་ལགས་ན་རེ།   ཟི་ལིང་གི་ཡོན་ཏན་པ་འགའ་ལ་དགོད་རྒྱུ་ཡོང་གི་ཞེས་པའི་ཟིན་བྲིས་ལ་བལྟས་རྗེས་ཀྱི་འཆར་སྣང་། སྐུ་ཞབས་སྒོ་ཡོན་ལགས།ཁྱོད་ཀྱིས་ཟི་ལིང་གི་མཁས་པ་གང་མང་ཞིག་གི་བླ་བཙག་ཡོད་པར་བལྟས་ན།ཁྱེད་ཉིད་ནི་དེ་དག་ལས་ལྷག་པའི་ཡོན་ཏན་པ་ཡ་མཚན་པོ་ཞིག་སྟེ།འཇིག་རྟེན་ན་རྙེད་དཀའ་བ།གྲངས་ཉུང་བ།ནམ་མཁའི་ཉི་ཟླ་ལྟ་བུ་ཞིག་ཡིན་ཤས་ཆེ།ཁྱེད་གང་དུ་བཞུགས།ཁྱེད་གང་དུ་འཚོ།ང་ནི་འཇིག་རྟེན་འདིར་སྐྱེས་ནས་མི་ལོ་སུམ་ཅུ་ལྷག་ལས་མ་སོང་བའི་བོད་པ་ཞིག་ཡིན་མོད།ཁྱེད་ལྟ་བུ་མཁས་བའི་དབང་བོ་ཀུན་གྱིས་གཙུག་གི་ནོར་བུ་ལྟ་བུ་ཞིག་དང་མཇལ་མ་ཐུབ་པ་ནི་སྐྱོ་ཤས་རབ་ཏུ་ཆེ། དེས་ན་ཁྱེད་ཀྱིས་ཟི་ལང་གི་མཁས་པ་ལྟ་བུའི་གསུང་བཤད་གལ་ཆེན་ས་ཆ་གང་དུ་གནང་མྱོང་ཞིང་།ས་ཆ་གང་དུ་བརྗོད་ནས་བོད་མི་རིགས་ཀྱི་སེམས་སུ་ཀྲོང་ངེར་བཞེངས་ཡོད།ངས་ད་དུང་མ་ཚོར་དོན་ཅི།། སྒོ་ཡོན་ལགས།ཁྱོད་ལ་དགོད་རྒྱུ་ཡོང་གིཁྱོད་འདྲ་བའི་བླུན་རྒན་ཤིག་འཇིག་རྟེན་འདིར་འཚོལ་དཀའ།གཞན་གྱི་སྐྱོན་འཛོལ་ཤེས་པ་དེ་རང་གི་ཡོན་ཏན་མིན།ཧ་ཧརང་སྐྱོན་བཙལ་ན་མཁས་པ་ཡིན།། སྒོ་ཡོན་ལགས།ཁྱོད་ལ་བཤད་རྒྱུ་མ་མང་།ཁྱོད་ལྟ་བུ་བོད་ཡུལ་ན་མང་བས་མེད་ཀྱང་ཆོག་ལ།རྒན་བཀྲ་བྷོ་ལྟ་བུ་བོད་ཡུལ་ན་ཉུང་བའི་རྐྱེན་གྱིས་མི་མང་འདུས་སར་སྐད་ཆ་ཐབས་མཁས་དེ་འདྲ་བརྗོད་དགོས་པ་མ་ཤེས་སམ།གལ་ཏེ་ཁོང་གིས་ཀྱང་ཁྱོད་ལྟར་སྨྱོ་བཤད་གཟའ་བཤད་མང་པོ་བྱས་ཚེ།བོད་ཀྱི་སློབ་གྲྭ་ཆེན་མོ་བ་དག་སུ་ཡི་རྗེས་སུ་འགྲོ།   སྔོན་ཆད་ཀྱི་གྲོགས་པོ་ལགས་ན་རེ། ཁྱེད་རང་ཁྲི་འདུ་ནས་བཙོན་དུ་ལྷུང་ཚུལ་ཐོས་ཡོད་ལ།ཁྲན་ཞོ་རུ་ཞུགས་ཡོད་ཚུལ་ཀྱང་ཐོས་ཡོད་རུང་།སྤྱི་ཚོགས་ལ་གཏོར་བཤུགས་འདི་འདྲ་བྱེད་ཀྱིན་པ་དེ་རིང་ལས་མ་ཐོས།སྔོན་ཆད་ཀྱི་གྲོགས་པོ་ཞིག་གིས་ཡིད་སྐྱོ་བའི་ངང་།   ཁྱབ་བརྡལ་ལགས་ན་རེ། སྒོ་ཡོན་ནི་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ཀྱི་ཚ་བོ་ཞིག་ཡིན་པ་་འདྲ།སྒོ་ཡོན་ཞེས་པ་ནི་རང་ཚོད་མི་ཤེས་པའི་གྲྭ་བ་ཞིག་རེད།དེ་བས་ཁོ་འདིར་གསལ་བཤད་བྱས་མེད།    ཁ་བ་ལགས་ན་རེ། སྐོ་ཡོན་ལའང་དགོད་རྒྱུ་ཡོང་གི མིག་གིས་མདུན་ལ་བལྟས་ཏེ་གོམ་པ་སྤོ་རྒྱུ་གལ།   མིང་མེད་ལགས་ན་རེ། སྒོ་ཡོན་ལགས་ཀྱི་མིག་ལ་སྐྱོན་ཡོད་པ་འདྲ།ཚིག་གི་དུམ་བུ་བཅད་ནས་དགག་བཞག་གནང་བ་ནི་ཐ་ཤལ་བའི་བྱ་སྤྱོད་ལགས།རྒན་བཀྲ་བྷོ་ཞེས་པ་གོ་མྱོང་ལ་སྒོ་ཡོན་ཞེས་པ་གོ་མྱོང་མེད།   མིང་མེད་ལགས་ན་རེ། རང་ཉིད་ལ་ཡོན་ཏན་བྱི་བྲུན་ཙམ་ཡང་མེད་བཞིན་དུ་ཡ་གི་མི་ཉན་མ་གི་མི་འགྲིག་ཟེར་བ་དོན་དངོས་སུ་རང་ཉིད་ལ་ཐོབ་བྱ་དེ་དག་གང་ཡང་ལག་ཏུ་ལེན་པའི་ནུས་པ་མེད་གཞན་ལ་སྡང་བ་འབའ་ཞིག་ཏུ་ཟད་དོ།།སྒོ་ཕྲུག ཁྱོད་སྙིང་མ་རྗེ།ལོ་འཁོར་འགའ་ཞིག་གི་རྗེས་ནས་རང་གི་བྱ་སྤྱོད་ལ་ངོ་ཚ་རྒྱུ་ཞིག་ཡོང་ངེས་ཡིན།རང་གི་བྱང་ཚད་དང་མི་འཚམ་པའི་གླེན་པ་ང་རྒྱལ་ཅན་ཚོ་ནམ་ཡང་འཇིག་རྟེན་ན་སྔོ་ལོ་འཕྱར་གྱིན་ཡོད་པ་རེད།ཀྱེ་མ་ཀྱེ་ཧུད།སྒོ་ཡོན་ཟེར་བ་དེ་མི་ལ་ལས་རླབས་ཆེན་གྱི་མཁས་པ་ཞིག་ཡིན་པར་སེམས་གྱི་ཡོད་ཤས་ཆེ།ཁོ་ནི་གླེན་དྲགས་ནས་རང་ཉིད་འུད་བསྟོད་འབའ་ཞིག་བྱེད་མཁན་གྱི་ཅོལ་ཆུང་ཞིག་ཡིན།ཚང་མས་་སྒོ་ཡོན་ཟེར་བ་དེ་སྒོ་ཤེས་་རབ་ལྟ་བུའི་སྐྱེས་མཆོག་ཅིག་རེད་མ་་འདོད་ཅིག ནོར་བ་ཡིན་ནོ།།   མིང་མེད་ལགས་ན་རེ། སྒོ་ཡོན་ལགས། སློབ་སྦྱོང་ལ་རེམ་ཤིག ཁྱོད་ད་རུང་སྐས་ཚིགས་གསུམ་གྱི་འོག་མར་འདུག   སྒྱིད་ལུགས་པའི་གཉེན་པོ་ལགས་ན་རེ། སྤྲུལ་སྐུ་མ་ཡིན་པ་ཚོས་་སྤྲུལ་སྐུ་ལ་སྡང་ཞིང་།མཁན་པོ་མ་ཡིན་པ་ཚོ་མཁན་པོ་ལ་གནག་སྟེ།གཞན་གྱི་དཔལ་ཕྲག་དོག་གི་ཟུག་རྔུས་འོ་དོད་འབོད་པ་ཙམ་དུ་ཟད་དོ།།   རྨ་གཉེན་པོ་ལགས་ན་རེ། སྒོ་ཡོན་ཟེར་བ་ཁྱོད་ནུབ་བྱང་ཚང་གི་གཅིན་སྐྱག་ལྡག་ནེ་ཡོང་ནས་གྲ་བ་ཞིག་དམར་ཟེད་ཟེད་རྒྱུགས་རྒྱུ་མང་ན་མི་མཛའ་ཀི ཆོས་ལུགས་ལ་ངན་སྨྲས་བྱེད་པའི་སྤྱང་གི་ཁྱོད་ཀྱི་ནབ་ཟ་དེ་ཕུད་ན་དགའ་ས་རེད།       མིང་མེད་ལགས་ན་རེ། རང་ལ་བདེན་ཁ་འཚོལ་བ་དང་ནམ་ཡང་ཕྱི་རྐྱེན་ཁོ་ན་གླེང་བར་དགའ་བ་ནི་དང་རབས་བསམ་བློ་པར་རློམ་པ་ཚོའི་མཚན་ཉིད་རེད། ཡུལ་ཤུལ་པ་ལགས་ན་རེ། སྒོ་ཡོན་ལགས།  དངོས་གནས་བསམ་སྤྱོད་མཐུན་པའི་མི་ཞིག་བྱེད་རོགས།  གྲྭ་ལྭ་འཕུད་རོགས།  གྲྭ་ལྭས་ཁྱོད་ལ་ཕན་ཐོགས་ས་མ་རེད།         མིང་མེད་ལགས་ན་རེ། བོད་ཆེན་པོའི་དབུས་སུ་གནས་པའི་ཧི་ཟིན་དྲྭ་ཚིགས་ཀྱི་བྱང་གི་ཆ།རང་ཤག་དྲྭ་འབུ་འཕུར་བའི་ལྡིང་ཁང་ཟེར་ན་ཅི་ཡང་གོ་རྒྱུ་མི་འདུགཁྱོད་བསྡད་ཡོད་ས་དེ་བོད་ཆེན་པོའི་དབུས་སུ་གནས་པའི་ཧི་ཟིན་དྲྭ་ཚིགས་ཀྱི་བྱང་གི་ཆ་ཇི་ལྟར་ཡིན་ནི་རེད།ལན་ཞིག་ཐོབས་དང་།ཧ་ཧ་ཧ།   མིང་མེད་ལགས་ན་རེ། གྲོགས་པོ་སྒོ་ཡོན་ལགས། ཁྱོད་ཀྱི་གཟན་ཤམ་དེ་ཕུད་རོགས་གནང་།དེ་ཡིན་ན། ཁྱོད་མིང་དོན་མཚུངས་པའི་མི་ཞིག་རེད། སྒོ་ཡོན་ནི་བླ་རུང་ལ་ལོ་མང་ཞིག་འདུག་མྱོང་།ཚད་མ་དང་མངོན་པ་སོགས་སྦྱང་མྱོང་ཡོད།ཁོ་དཔེ་ཆ་ཤེས་མི་ཞིག་མིན་།   མིང་མེད་ལགས་ན་རེ། སྒོ་ཡོན་གྱིས་འདི་བརྐུས་པ་རེད།འདི་ར་ས་ཕོ་ཉའི་དུས་བབ་ཟིན་བྲིས་ལས་རེད།ཡིན་ནའང་ཁོང་གི་མིང་བཀོད་མེད་པ་ལ་ལྟོས། དོན་དུ་ཁོ་རང་གིས་བརྐུས་པ་རེད། http://www.sangdhor.com/list_c.asp?id=1218 གསར་འགོད་པ་ཡིན་ན་ཁུངས་བཤད་དགོས་ནི་རེད།   མིང་མེད་ལགས་ན་རེ། ཅང་གོ་རྒྱུ་མི་འདུགཁ་རང་གར་བཟུང་ན་དགའ་ས་རེད།ངག་རིག་སྨྲ་བའི་དབང་པོ་ཟེར་བ་འདི་འདྲ་ཞིག་ཡོད་རྒྱུ་མ་རེད།རང་མཐོང་ཆེ་བ་རང་རེད།ཨ་མ་མ་གཏོགས་མི་ངོ་མ་རིགསྒྱེད་པུ་མ་གཏོགས་རྒྱལ་ཁམས་མ་མཐོང་བ་དག་གིས་ལབ་རྒྱག་གི་འདུག་ནི་རེད།   དྲ་ཉུལ་བ་ལགས་ན་རེ། སྒོ་ཡོན་ལགས་ལ་ཞུ་རྒྱུ།རང་གིས་ལུས་ལ་དཔེ་ལོངས་ལ།།གཞན་ལ་གནོད་པ་མ་བྱེད་ཅིག།   མིང་མེད་ལགས་ན་རེ། ཁྲན་ཞོ་བ་སྒོ་ཡོན་ལགས། ཁྲན་ཞོ་བ་སྒོ་ཡོན་ལགས། ཁྲན་ཞོ་བ་སྒོ་ཡོན་ལགས། ཁམས་ དུང་སྨུག་ལགས་ན་རེ། སྒོ་ཡོན་ཆོས་ཅན། སྨྱོས་ཚར་ཏེ། སྨྱོ་གཏམ་ལབ་ཀྱིན་ཡོད་པའི་ཕྱིར།   གོང་གི་དེ་དག་ནི་བོད་ཡིག་དྲ་ལམ་གསེབ་ཀྱི་དྲ་འབུ་ཡ་རབས་དག་གིས་ཁོ་བོའི་བྲིས་རྩོམ་དག་གི་མཇུག་ཏུ་ཕབ་པའི་ཞབས་རྗེས་དྲོན་མོ་འགའ་ལས་ཕྱོགས་ཙམ་ཡིན་ལ། འདི་དག་གིས་མཚོན་ནས་ད་དུང་ཁ་རུ་ཤོང་དཀའ་ཞིང་ཚིག་གིས་མཚོན་དུ་མི་བཏུབ་པའི་གསུང་ཚིག་ཡ་མཚན་པ་གང་མང་གནང་འདུག་ཀྱང་འདི་ཙམ་ལས་དྲང་ཚོད་མ་བྱུང་ཐལ།    འདིར་ཟུར་དུ་འགོད་འདོད་པ་ཞིག་ནི། སྔོན་ཞིག་ལ་ཁོ་བོས་ཁོང་རྣམ་པར་སྐད་ཆ་ལྡོག་ལྡོག་འགའ་བཤད་མྱོང་ཡོད་པ་ཡིན་ལ། དེ་ནི་འདི་ལྟ་སྟེ།      བདག་གི་བྲིས་རྩོམ་དག་དང་ཉེ་མ་རིང་དུ་གནས་པའི་བོད་མི་ཡིག་ཀློག་པ་དག་ལ།མངོན་ལྐོག་མེད་པར་ཕེབས་བསུ་སྟབས་བདེ་དང་ཁམས་འདྲི་འཇམ་པོ་ཞུ་ཀི་ཡིན་པ་མ་ཟད།རང་གདོང་དམར་བོ་དང་རང་མིང་དངོས་མ་སྟོན་སྲོལ་མེད་ལ་བསྟན་ཕོད་ཀྱི་དཔའ་སྤོབས་ཀྱང་ཀུན་ནས་མེད་པའི་དྲ་འབུ་ནག་ནུར་རྣམས་ལ་ཡང་།གད་མོའི་དམའ་ཚིག་མེད་པར་སྐུ་མགྲོན་གསར་བ་ཞིག་གི་ཚུལ་གྱིས་བསུ་མ་དང་སྣེ་ལེན་གྱང་སེམས་མཐིལ་ནས་ཞུ་ཀི་ཡོད།   དེ་ལྟ་ན་ཡང་།འུ་ཅག་དྲ་མྱུལ་བ་སུ་ཞིག་ཡིན་ཡང་ཆེས་སེམས་ངོགས་སུ་དམ་དུ་གནས་དགོས་པ་ནི་དྲ་བདག་དྲིན་ཆེན་དག་གིས་མི་རིགས་ཀྱི་འདས་མ་ད་གསུམ་ལ་དམིགས་ཏེ་བོད་ཡིག་རང་བཞིན་གྱི་དྲ་ཚིགས་འདི་དག་ཁྱབ་རྒྱུན་གཏོང་དོན་ནི།འུ་བུ་ཅག་གིས་བརྡ་འཕྲིན་གྱི་དུས་རླབས་འདི་དང་འགྲོགས་ནས་རང་ཡིག་དར་སྤྲེལ་དང་རང་ཉིད་ཀྱི་བསམ་བློ་རྒྱ་བསྐྱེད་དང་ཀུན་སྤྱོད་ལེགས་ཕྱོགས་སུ་འགྲོ་ཐབས་སོགས་ལ་དམིགས་ཏེ་ཕྱི་ནང་གི་དཀའ་ངལ་བརྒྱ་ཕྲག་ལ་མ་འཛེམས་པར་གང་ནུས་ཀྱིས་འཛིན་སྐྱོང་བྱེད་ཀྱིན་ཡོད་པ་ལས།འདི་དག་ནི་སྒེར་གྱི་གྱོད་ར་དང་སྲིད་ཀྱི་འཐབ་ར།ཁྱིམ་གྱི་འདབས་ར་སོགས་གང་གི་ཚུལ་དུ་ཡང་བསྐྲུན་པ་མ་ཡིན་ལ།འདི་ནས་ཕྲག་དོག་གི་གཉེར་མ་གང་མང་ཞིག་བརྩད་ན་འདོད་ཅིང་།འདི་ནས་སྡིགས་དམོད་ཀྱི་གཡུལ་འཐབ་ཅི་ནུས་ཤིག་བརྒྱབ་ན་སྙམ་པ་ནི་དེ་བས་ཀྱང་མ་ཡིན་ཕྱིར།   བོད་རུས་ཅན་གྱི་ན་གཞོན་གང་ཡོད་ཀྱི་མགོ་ལ་ལྐོག་ལྐོག་སུད་སུད་ནས་རྡོག་བརྫིས་གཏོང་བའི་འདི་བ་ཚང་གི་གླ་བ་དང་བླ་དཔོན་རིན་པོ་ཆེ་དག་གི་ཞབས་ཞུ་དྲོན་མོ་ཞུ་མཁན་ཚོས་རང་རང་གི་ལས་ཁུངས་དང་འཁྲབ་སྟེགས་སུ་བརློམས་ནས་གཞན་གྱི་གཙང་ཡངས་ཀྱི་རིན་ཐང་ཐལ་ནང་དུ་འཕེན་མི་ཆོག་ཅེས་ཐ་ཚིག་བསྒྲགས་པ་ཡིན་ལ།གལ་ཏེ་ངེས་པར་དུ་རྩ་དོན་གལ་ཆེན་དང་ཚིག་གྱོད་ཡ་མཚན་སློང་བར་མོས་ན་རང་གདོང་དམར་བོ་ཕྱི་ལ་ཕུད་དེ་མི་ཞིག་གི་ཚུལ་གྱིས་ཕེབས་དང་།ད་གཟོད་རང་ཚོད་ཀྱི་དངོས་པོ་རྒྱ་མར་གཞལ་ཆོག་པ་ལས།དྲ་བདག་རྣམ་པའི་དུས་ཚོད་དང་དཀའ་དངུལ་ཙམ་གྱི་ལངས་ཕྱོགས་ཀྱང་ཁོག་ལ་མི་ཐོགས་པར་རྐུན་མའི་ཚུལ་དང་ཇག་པའི་བཟོ་དབྱིབས་ཀྱིས་བོད་ཀྱི་ཡིག་ཐོག་ལ་གོམས་རྗེས་སྤོ་བ་དང་ངུ་འབོད་བྱེད་པ་ནི་ཁྱོན་ནས་མི་འགྲིག་ཅིང་མི་ཆོག་པ་ཞིག་རེད།   དེའི་དབང་གིས་བོད་ཡིག་དྲ་ཀློག་པ་སུ་ཡིན་ཡང་རང་གི་ཚད་དང་རང་རིགས་ཀྱི་ཚད།རང་ཚང་གི་བླ་ཚེའི་ཚད་སོགས་ནི་ནམ་དུ་ཡང་ཤར་གནས་སུ་བསྐོར་མི་ཆོག་ལ་དོང་ནང་དུ་འཕེན་མི་རུང་བ་སོགས་རུས་གཏིང་ནས་ཤེས་དགོས་སོ་སྙམ་མོ།། སྒོྒོ་ཡོན་གྱིས།    

དཔྱད་མཆན་འདྲ་མིན་སྤེལ་བའི་དྲ་འབུ་ཚོར་སྤྲིངས་པ།  

           

མཚོ་སྔོན་བརྙན་འཕྲིན་ཁང་གི་ཚོགས་གཞས་གསར་པ།  

       ཤེས་རིག་གི་ཕོ་ཉ།                     ཚིག ཅོ་ནེ་པ།         དབྱངས། གསང་བདག         གཞས་པ། མཚོ་སྔོན་བརྙན་འཕྲིན་ཁང་གི་ལས་བྱེད་མི་སྣ་འགའ། 1བརྩེ་བ་ཟབ་མོ་དར་གྱི་ཁ་བཏགས་ཡིན།། རྨ་རྒྱལ་སྦོམ་རའི་མགུལ་ནས་ཁྱེད་ལ་སྒྲོན།། དུངས་པ་ལྷད་མེད་སེམས་ཀྱི་མཆོད་པ་ཡིན།། ཁྲི་ཤོར་རྒྱལ་མོའི་འགྲམ་ནས་ཁྱེད་ལ་ཕུལ།། རྫུ་འཕྲུལ་གྱི་སྤྱན་ལམ། ཤེས་རིག་གི་ཕོ་ཉ། བར་སྣང་འཁོར་སྐར་གྱི་ལམ་ནས། བརྙན་འཕྲིན་ཡོལ་རས་ཀྱི་ངོས་ནས། མཐིང་སྨུག་སྦྲ་ཆུང་དགོད་སྒྲ་ཡིས་བསྐྱིལ་ཅིང་། ཁང་ཆུང་གྲུ་བཞི་སྤྲོ་སྐྱིད་ལ་འགོད་མཁན། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཏེ། སྒང་བ་བོད་པའི་ཤེས་རིག་གི་ཕོ་ཉ་ལགས། 2ལྷག་བསམ་ཟོལ་མེད་དྭངས་གཙང་ཆབ་རྒྱུན་ཡིན།། རྨ་འབྲི་རྫ་གསུམ་ཁུངས་ནས་ཁྱེད་ལ་འདྲེན།། རྡོག་རྩ་གཅིག་སྒྲིལ་རེ་བའི་འདུན་མ་ཡིན།། མཐུན་སྒྲིལ་དཔུང་རྡང་ཁྱེད་དང་ནམ་ཡང་སྦྲེལ།། རྫུ་འཕྲུལ་གྱི་སྤྱན་ལམ། ཤེས་རིག་གི་ཕོ་ཉ། བར་སྣང་འཁོར་སྐར་གྱི་ལམ་ནས། བརྙན་འཕྲིན་ཡོལ་རས་ཀྱི་ངོས་ནས། ཤེས་རིག་འོད་ཀྱི་ས་བོན་ཕྱོགས་སུ་གཏོར་ཞིང་། རྨད་བྱུང་ལས་ཀྱི་བྱ་བཞག་རྟག་ཏུ་སྤེལ་མཁན། མཚོ་སྔོན་བོད་སྐད་བརྙན་འཕྲིན་ཏེ། སྒང་བ་བོད་པའི་ཤེས་རིག་གི་ཕོ་ཉ་ལགས།  

ཨ་ཁུ་དག་ལ་སྡོམ་པ་ལོས་ཡོད།  

     

རིག་དགའ་མིང་སྲིང་གི་ཞེ་འདང་ཆེན་པོ་རེད།  

 

མཁའ་འགྲོ་མ་ཞིག་གིས་རྡོ་རྗེ་འཆང་དྲན་ནས་དཀའ་ཚུལ།  

                          
1 2 3 4 5 6 7 8 9 10 11 12 13 14

    ངོས་ཞོལ་མ།
རྩོམ་གསར།
བླ་མ་དག་མ་ཡིན་ན་ལ་རྒྱ་མེད།
[2010-9-8]
པེ་ཅིན་ནས་ལྷ་ས་དྲན་ཚུལ།
[2010-9-8]
དེ་རིང་ང་འབའ་ཐང་དུ་ཐོན་ཡོད།
[2010-9-8]
དགེ་ཆོས་ཀྱིས་འཁོར་བ་གླེང་བ། ཁག་དང་པོ།
[2010-9-8]
ཇོ་མོ་ཚོ། ཞབས་བྲོ་འཁྲབ་རོགས།
[2010-9-8]
ཁ་ཕོ་ཙམ་གྱིས་དུས་འདའ་མཁན།
[2010-9-8]
ལྷད་མེད་གྲོགས་ཀྱི་བརྩེ་བ་ཡིད་དུ་འོང་།
[2010-9-8]
འབུལ་ལོ་བརྒལ་བརྟག་སྨྲ་བའི་སྡེ་རྣམས་ལ།
[2010-9-7]
པར་གླིང་།ད་དུང་མང་།
དོ་སྣང་།
དཔེ་དེབ་དུ་མ་འཁོད་པའི་སེང་རྡོར་གྱི་སྙན་ངག་གསར་བ་དྲུག་ཅུ་ཕྲག
[2419]
དཔེ་དེབ་ཏུ་མ་འཁོད་པའི་སེང་རྡོར་གྱི་འབོལ་རྩོམ་གསར་བ་བཞི་བཅུ་ཕྲག
[2182]
<<རྟུལ་ཕོད>>ཆ་ཚང་།
[1476]
གློག་བརྙན། 2012 ཨ་རི། ཕྱི་ལོ་2009ལོར།
[1434]
འབྲོག་སྡེ་གསར་བར་བྲིས་པའི་སྙན་ངག
[1345]
རང་དབང་ལྷ་མོ་ལགས་སྐུ་མྱ་ངན་ལས་འདས་པ།
[1265]
མ་ཤེས་ཐུ་མེད་ཀྱི་གསལ་བསྒྲགས་ཚབས་ཆེན་མ།
[1252]
རང་ཉིད་ཀྱི་ལམ་བུ་གང་ན་ཡོད།
[1247]
友情链接: 青海汽车网